འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་སྐད་འཕྲིན་ཁ་པར་གཱ་ཐོག་མ་མོ་རི་ཐིའུ་སི་རུ་འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། “ཕྱི་རྒྱལ་གྱི་སྐད་འཕྲིན་ཁ་པར་གཱ་ཐོག་མ”ཡི་འགྲེམས་སྤེལ་མཛད་སྒོ་ཚེས་26ཉིན་མོ་རི་ཐིའུ་སིའི་ལ་མོ་ཀུ་ལན་གནམ་ཐང་དུ་འཚོགས་པ་རེད། མོ་རི་ཐིའུ་སིའི་ལས་ཚབ་ཙུང་ལི་ཡུལ་སྐོར་པུའི་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཏུའུ་ཝའར་དང་། རྒྱལ་ཁབ་གློག་འཕྲིན་ཀུང་སིའི་སྤྱི་ཁྱབ་ཤིན་ཁེ། རྒྱལ་ཁབ་ཡུལ་སྐོར་ཁྱབ་གདལ་ཅུས་ཀྱི་ཅུས་ཀྲང་ཁེ་ཝེན། དེ་བཞིན་མོ་རི་ཐིའུ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ལི་བཅས་ཀྱིས་གནམ་ཐང་དུ་འབྱོར་བའི་ཀྲུང་གོའི་ཡུལ་སྐོར་བར་མྱོང་རོལ་ཁ་པར་གཱ་སྤྲད་པ་རེད།
         གཱ་དེ་ནི་མོ་རི་ཐིའུ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སྐུལ་འདེད་འོག་མོ་རི་ཐིའུ་སི་རྒྱལ་ཁབ་གློག་འཕྲིན་ཀུང་སི་དང་ཀྲུང་གོ་ཐང་ཤུན་ཚོགས་པས་མཉམ་དུ་བཏོད་པ་ཞིག་རེད། གཱ་ནང་དུ་Gགཅིག་ཟིན་པའི་སྐད་འཕྲིན་གྱི་རིན་མེད་རྒྱུགས་འབོར་དང་། 200Mཟིན་པའི་དྲ་ཞུགས་དཀྱུས་མའི་རྒྱུགས་འབོར། དེ་བཞིན་རུ་པི་100(མི་དམངས་ཤོག་སྒོར་20ཙམ་)ཟིན་པའི་ཁ་པར་རིན་པ་བཅས་བླུགས་ཡོད་པ་རེད། ཁྱབ་གདལ་གཏོང་བའི་རིང་གཱ་དེར་རུ་པི་150(མི་དམངས་ཤོག་སྒོར30ཙམ་)ལས་བྱེད་ཀྱི་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།