འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཏུར་མེན་སི་ཐན་གྱིས་མཚོ་སྔོན་དུ་ཉོ་སྒྲུབ་དང་ཚོང་དོན་ལྟེ་གནས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཡུན་ཉིན་3གྱི་ཏུར་མེན་སི་ཐན་འགྲེམས་སྟོན་དེ་ཉེ་ཆར་མཚོ་སྔོན་ཟི་ལིང་དུ་གཉེར་བ་དང་ཏུར་མེན་སི་ཐན་གྱི་ཉོ་སྒྲུབ་དང་ཚོང་དོན་ལྟེ་གནས་སུ་དུས་གཅིག་ཏུ་དར་ཚོན་བྲེགས་པ་དང་བྱང་བུ་བཀལ་ནས་སྤེལ་རྒྱུ་རེད།
         དེ་ཉིན་གྱི་འགྲེམས་སྟོན་ཐོག་ཏུར་མེན་སི་ཐན་གྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་ཆི་ནར་·ལུའུ་སི་ཅེ་མོ་ཝ་ཡིས་སྐུ་མགྲོན་ལ་དངོས་རིགས་དང་པར་རིས་སམ་ཡང་ན་བརྙན་ལམ་བརྒྱུད་ཏུར་མེན་སི་ཐན་གྱི་རྒྱན་གོས་དང་། བཟོ་སྐྲུན། ཟས་རིགས། བཟོ་རྩལ་ཐོན་རྫས། བསླས་ཐག་ཐོན་རྫས། ལུས་རྩལ་རྣམ་གྲངས། རྒྱ་ཡིག་དཔྱད་གཞི་བཅས་ངོ་སྤྲོད་བྱས་པ་དང་ལྷག་པར་དུ་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མའི་ཏུའོ་ཕུའུ་ཡི་བརྩམས་སྒྲུང་རིང་གྲས་《བདེ་སྐྱིད་ལྡན་པའི་འདབ་ཆགས་》ཞེས་པའི་རྒྱ་འགྱུར་མ་ངོ་སྤྲོད་བྱས་པ་རེད།
         དེས་ན་ཏུར་མེན་སི་ཐན་གྱིས་མཚོ་སྔོན་དུ་ཐོག་མར་བཙུགས་པའི་ཉོ་སྒྲུབ་དང་ཚོང་དོན་ལྟེ་གནས་འདི་ཉིད་ས་ཆ་གཉིས་པོའི་དབར་ས་མཚམས་སྒྲོལ་བའི་སྐྱེལ་འདྲེན་དང་། མཛོད་ཉར་ཟོག་འགྲེམས། ཚོང་དོན་འགྲོ་འོང་བཅས་ཀྱི་སྤེལ་རེས་ལས་སྟེགས་གལ་ཆེན་དུ་གྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།