འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀ་ཏ་མན་རྡུ་ཀྲུང་གོའི་རྩོམ་པ་པོའི་གསར་རྩོམ་རྟེན་གཞི་གསར་པར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན“ཟླ་བ་བཅུ་པའི་རྩོམ་རིག་ཁང་གི་རྩོམ་པ་པོ་བཅའ་སྡོད་བྱ་ཡུལ་ཏེ་ཀ་ཏ་མན་རྡུ”ཞེས་པའི་རྣམ་གྲངས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་རུ་འཚོགས་ཤིང་། ཀྲུང་གོའི་རྩོམ་པ་པོ་ཚོར་རྒྱལ་ཁབ་ལས་སྒྲོལ་བའི་རྩོམ་རིག་གསར་རྩོམ་དང་སྤེལ་རེས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་སྟེགས་གཞན་ཞིག་བྱུང་བ་རེད།
         ལས་སྟེགས་དེ་ནི་པེ་ཅིང་དཔེ་སྐྲུན་ཚོགས་པའི་ཁོངས་གཏོགས་ཀྱི་ཟླ་བཅུ་པའི་རྩོམ་རིག་ཁང་དང“ནེ་པ་ལའི་ཀྲུང་གོ་མཛའ་མཐུན་གླེང་སྟེགས”གཉིས་ཀྱིས་ཐུན་མོང་ཐོག་བཙུགས་པ་ཞིག་རེད།
         ཕྱོགས་གཉིས་པོས་བཞག་པའི་མཉམ་ལས་གྲོས་མཐུན་ཡི་གེར་གཞིགས་ན། ཟླ་བཅུ་པའི་རྩོམ་རིག་ཁང་གིས་ལོ་ལྟར་སྐད་གྲགས་ཆེ་བའི་ཀྲུང་གོའི་རྩོམ་པ་པོ་ཀ་ཏ་མན་རྡུ་རུ་དུས་ཚོད་ཅུང་རིང་ཙམ་ཞིག་ནང་ནེ་པ་ལའི་སྤྱི་ཚོགས་འཚོ་བ་དང་རྩོམ་རིག་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། གསར་རྩོམ་བྱེད་པ། དེ་བཞིན་ནེ་པ་ལའི་ལས་རིགས་གཅིག་པ་ཚོ་དང་སྤེལ་རེས་བྱེད་པ་བཅས་སུ་གདན་འདྲེན་ཞུ་རྒྱུ་ཡིན་པ་རེད།
         མིག་སྔར་ཕུ་རག་དང་། ཨའེ་ཏིང་པའོ། ཀྲུང་གོའི་ལྷ་ས། ལི་ཀྲོང་སོགས་བཅའ་སྡོད་རྣམ་གྲངས་ལ་མ་འཇོག་བྱས་པ་དང་འབྲེལ་དངོས་སུ་གཉེར་སྐྱོང་ཡང་བྱེད་འགོ་ཚུགས་པར་བཅའ་སྡོད་བྱེད་མཁན་རྩོམ་པ་པོའི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།