འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་བྱང་རྒྱུད་ཀྱི་རྟོག་ཞིབ་ཁུལ་དུ་ཉུང་མཐའ་ཡང་གསའ་8ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         2015ལོའི་ཇོ་མོ་གླང་མ་རྒྱུད་ཀྱི་གསའ་ཁྱུ་ཚོགས་ཀྱི་གྲངས་ཚད་རྟོག་ཞིབ་མཇུག་འབྲས་ཡོངས་བསྒྲགས་བྱས་ཤིང་། ཇོ་མོ་གླང་མའི་བྱང་རྒྱུད་ཀྱི་རྟོག་ཞིབ་ཁུལ་དུ་ཉུང་མཐའ་ཡང་གསའ་8ཡོད་པ་མ་ཟད། གཅན་གཟན་གསའ་འདི་ལ་དུས་བཀག་ལྟར་རང་གི་འཚོ་གནས་ཁུལ་དུ་སྐོར་ཞིབ་ངང་ཁ་ཟས་འཚོལ་བའི་གོམས་གཤིས་ཤིག་འདུག་ཅེས་བཀོད་ཡོད་པ་རེད།
         མིག་སྔར། རྟོག་ཞིབ་ཀྱི་མཇུག་འབྲས་གཞི་གྲངས་ལ་ཐོག་མའི་དབྱེ་ཞིབ་བྱས་པ་ལྟར་ན། རྟོག་ཞིབ་གནང་ཁུལ་དེ་ཡི་ཁྱབ་ཁོངས་ན་ཉུང་མཐའ་ཡང་ནར་སོན་པའི་གསའ་6དང་གསའ་ཕྲུག་2བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།