འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་པི་རི་ཡར་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་19པ་རྡོག་ཐོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན་ལི་པི་རི་ཡར་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་19པ་པེ་ཅིང་ནས་རྡོག་ཐོན་བྱས་ཏེ་ལི་པི་རི་ཡར་དུས་ཡུན་ལོ་གཅིག་གི་ཞི་བདེ་སྲུང་སྐྱོང་ལས་འགན་འཁུར་བར་བསྐྱོད་པ་རེད།
         ལི་པི་རི་ཡར་སྐྱོད་མཁན་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་19པ་ནི་སྐྱེལ་འདྲེན་དང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གཉིས་ལས་གྲུབ་པར་ཁྱོན་དཔོན་དམག་109ཡོད་པ་རེད། སྐྱེལ་འདྲེན་ཡན་ལག་རུ་ཁག་ནི་སྐམ་དམག་འབུམ་ཤོག་དམག་27པའི་འཕྲུལ་ཆས་རྐང་དམག་ལུའི་ཞིག་ལས་གྲུབ་པ་དང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་ནི་སྐམ་དམག་འབུམ་ཤོག་38པའི་འཕྲུལ་ཆས་རྐང་དམག་ཧྲི་ཞིག་ལས་གྲུབ་ཅིང་། ཞི་བདེ་སྲུང་སྐྱོང་བྱེད་རིང་གཙོ་བོ་འགྲོ་ལམ་སྲུང་སྐྱོང་དང་ཟམ་པ་ཉམས་གསོ་དང་དེ་བཞིན་ས་ཆ་དེ་གའི་ཡུལ་མི་དང་ཞི་བདེ་སྲུང་སྐྱོང་དཔུང་སྡེར་འཛུགས་སྐྲུན་རྒྱུ་ཆ་དང་། སྣུམ་རྒྱུ། རྒྱལ་སྤྱིའི་རོགས་སྐྱོར་དངོས་རྫས་སོགས་འགན་ལེན་བྱེད་འགན་འཁུར་རྒྱུ་རེད།
         ལི་པི་རི་ཡར་སྐྱོད་མཁན་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་19པའི་ཆབ་སྲིད་ཨུ་ཡོན་ཧྲི་ཧྲོའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཞི་བདེ་སྲུང་སྐྱོང་ལས་འགན་བདེ་འཇགས་ལྡན་ལ་བདེ་བླག་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱ་ཆེད་ཞི་བདེ་སྲུང་སྐྱོང་དཔུང་སྡེས་བདེ་འཇགས་ཉེན་ཁའི་ཚོད་སྐོར་རིམ་པ་མཐོ་རུ་བཏང་སྟེ་ཕྱི་ཕྱོགས་སུ་ལས་དོན་སྒྲུབ་པ་དང་སྒར་ཁུལ་གྱི་འགོག་སྲུང་དབྱེ་བ་ཕྱེ་བ་དང་འཇབ་རྒོལ་ཕོག་པ་དང་། བཀག་འགོག ཁྲོམ་སྐོར། རྐུན་ཇག་སོགས་འཕྲལ་སྒྲུབ་ཐག་གཅོད་བྱ་སྤྱོད་ཀྱི་སྔོན་ཇུས་བཟོས་ནས་དཔོན་དམག་གི་འཕྲོད་བསྟེན་སྐྱོབ་བཅོས་དང་། ལས་གྲྭ་མྱུལ་ཞིབ། གཏུམ་འགོག་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སོགས་ཀྱི་དངོས་འཐབ་ནུས་པ་གཙོ་གནད་དུ་ཆེ་རུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།