འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཁེན་ནི་ཡ་རུ་རོགས་སྐྲུན་བྱས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་འབྲེལ་ཞིབ་འཇུག་
    ལྟེ་གནས་དངོས་སུ་རྩིས་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོས་ཁེན་ནི་ཡ་རུ་རོགས་སྐྲུན་བྱས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་འབྲེལ་ཞིབ་འཇུག་
ལྟེ་གནས་དངོས་སུ་རྩིས་སྤྲད་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་སྲིད་གཞུང་གིས་ཁེན་ནི་ཡ་རུ་རོགས་སྐྲུན་བྱས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་རྣམ་གྲངས་དེ་ཚེས་26ཉིན་ཁེན་ནི་ཡའི་ཆའོ་མོ·ཁེན་ཡ་ཐ་ཞིང་ལས་ཚན་རྩལ་སློབ་ཆེན་དུ་དངོས་སུ་རྩིས་སྤྲད་པ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས་དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ཐུན་མོང་ཐོག་འཛུགས་སྐྲུན་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་ཞིབ་དང་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཐོག་མ་དེ་ཡིན་ཞིང་། འཛུགས་སྐྲུན་དངོས་པོ་གཙོ་བོ་དང་ཞོར་གཏོགས་སྐྱེ་དངོས་གླིང་གི་འཛུགས་སྐྲུན་གྱི་འགྲོ་སོང་ཚང་མ་ཀྲུང་གོ་ཕྱོགས་ཀྱིས་བཏང་ཡོད་པ་རེད། སྒྲིག་གཞི་དེ་ནི་ཀྲུང་གོ་དང་ཁེན་ནི་ཡ་དབར་དང་ཐ་ན་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོ་ཧྲིལ་པོའི་དབར་གྱི་སྣ་མང་སྐྱེ་དངོས་སྲུང་སྐྱོང་དང་། སྣོད་བཅུད་ཁོར་ཡུག་ལྟ་ཞིབ། སྐྱེ་དངོས་ཕྲ་རབ་དང་དེ་བཞིན་དེང་རབས་ཞིང་ལས་ཉེར་སྤྱོད་སོགས་ཁྱབ་ཁོངས་སུ་ཚན་རྩལ་མཉམ་ལས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་རེད།
         འདི་ནི་ཟླ་9ཚེས་26ཉིན་ཁེན་ནི་ཡའི་ནེ་རོ་པི་ནས་པར་བླངས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་ཟུར་ཞིག་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།