འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱང་སྐྱོད་ཀྱི་རིག་དངོས་300ལྷག་ཙམ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་22ཉིན་ནས་ཟླ་10ཚེས་30ཉིན་བར། ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་གཙོ་གཉེར་བྱས་པའི“དད་སེམས་དང་། སྙིང་སྟོབས། རྒྱུན་འཛིན་ཏེ། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་མཛོད་ཉར་རིག་དངོས་འགྲེམས་སྟོན་ཆེ་གྲས”གཉེར་འགོ་ཚུགས་པ་རེད། འགྲེམས་སྟོན་ལ“རྒྱང་སྐྱོད་ནི་མིའི་རིགས་ཀྱི་སྙིང་སྟོབས་དང་བློ་སྟོབས་ཀྱི་རླབས་ཆེའི་རྒྱང་སྐྱོད་ཅིག་ཡིན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་རྒྱང་སྐྱོད་བྱེད་རིང་གི་དཔེ་མཚོན་རིག་དངོས་བརྒྱུད་མི་སེམས་འགུལ་བ་དང་ཇི་མ་ཇི་བཞིན་གྱི་རྒྱང་སྐྱོད་གཏམ་རྒྱུད་དང་མི་སྣ་ཞིབ་ཏུ་བཀོད་ཡོད་པས། ལྟད་མོ་བ་ཚོས་རྒྱང་སྐྱོད་ཁྲོད་ཀྱི་མི་སྣ་དང་གཏམ་རྒྱུད་ལས་རྒྱང་སྐྱོད་ཀྱི་རླབས་ཆེའི་སྙིང་སྟོབས་ཚོར་ཡོད།
          ད་ཐེངས་ཀྱི་འགྲེམས་སྟོན་ལ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་རིམ་པ་དང་པོའི་མཛོད་ཉར་རིག་དངོས་རྩེ་གྲ་འབོར་ཆེན་འདུས་ཡོད་པའི་ནང་། མའོ་ཙེ་ཏུང་གིས་ཧྲའན་ཤིས་བྱང་རྒྱུད་དུ་སི་ནུའོ་ཡི་བཅར་འདྲི་དང་ལེན་གནང་སྐབས་བཞེས་མྱོང་བའི་དམར་དམག་དབུ་ཞྭ་ཟུར་བརྒྱད་དང་། ཀྲོའུ་ཨེན་ལའེ་ཡིས་རྒྱང་སྐྱོད་སྐབས་སྤྱོད་མྱོང་བའི་རྒྱང་ཤེལ། ཧྥང་ཀྲི་མིན་གྱིས་བཙོན་ཁང་དུ་བྲིས་གནང་བའི་རྩོམ་ཡིག་《གཅེས་པར་འོས་པའི་ཀྲུང་གོ་》དང་《དབུལ་ཕོངས་》སོགས་ཚུད་ཡོད། གཞན་ཡང་། ཀྲུའུ་ཏེས་ཕྱག་བྲིས་གནང་བའི་མའོ་ཙེ་ཏུང་གི་སྙན་ངག་《སྙན་དངགས་བདུན་ཚིག་རྐང་བརྒྱད་མ། རྒྱང་སྐྱོད་》ཅེས་པ་དང་། ལི་ཧྥུའུ་ཁྲུན་གྱིས་རྒྱང་སྐྱོད་སྐབས་སྤྱོད་མྱོང་བའི་ཕྲ་མཐོང་ཆེ་ཤེལ་སོགས་རིག་དངོས་109ཐོག་མར་འགྲེམས་སྟོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།