འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཅང་ཤིས་ཀྱི་ཆུས་བཙུགས་པའི་གྲོང་ཁྱེར་ཚང་མར་
    ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 《ཅང་ཤིས་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་ལྕགས་ལམ་དྲ་བའི་འཆར་འགོད་(2016ལོ་ནས་2030ལོའི་བར)》ནང་2020ལོར་སླེབས་སྐབས་ཅང་ཤིས་སུ“གཞུང་ལྔ་དང་འཕྲེད་ལྔའི”ལྕགས་ལམ་དྲ་བའི་སྒྲོམ་གཞི་གཙོ་བོ་གཞི་རྩའི་ཐོག་སྐྲུན་ཐུབ་པ་བྱ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་འཁོར་སྐྱོད་ལམ་ཚད་སྤྱི་ལེ་5000ཟིན་རྒྱུའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་1500ཟིན་ནས་ཆུས་བཙུགས་པའི་གྲོང་ཁྱེར་11ཚང་མར་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག་ཞིང་ཆེན་ལྟེ་བའི་གྲོང་ཁྱེར་ནན་ཁྲང་ནས་ཆུས་བཙུགས་པའི་གྲོང་ཁྱེར་ཁག་དང་འབྲི་ཆུའི་བར་རྒྱུད་གྲོང་ཁྱེར་ཚོགས་སྤྱིའི་ལྟེ་བའི་གྲོང་ཁྱེར་དུ་སྐྱོད་པར་ཆུ་ཚོད་1ནས་2བར་ལས་མི་དགོས་པའི་འགྲིམ་འགྲུལ་དྲ་བ་ཞིག་གཞི་རྩའི་ཐོག་སྐྲུན་རྒྱུ་ཡིན་པ་རེད།
         འཆར་འགོད་ནང་2020ལོར་སླེབས་སྐབས་ཅང་ཤིས་སུ་ཧོ་ཧྥེ་ནས་ཕུའུ་ཅན་བར་དང་། ཕུའུ་དབྱང་ནས་དབྱིང་ཐན་བརྒྱུད་ཚན་ཐོའུ་བར། དབྱིན་ཁྲོན་ནས་ཕུའུ་ཀྲོའུ་བར། པེ་ཅིང་ནས་ཅིའུ་ལུང་བར། ནང་སོག་ནས་ཅིས་ཨན་བརྒྱུད་ཆོན་ཀྲོའུ་བར་བཅས་ཀྱི་གཞུང་ཕྱོགས་འགྲོ་ལམ་5དང་། ཧྲང་ཧའེ་ནས་ཁྲེང་ཏུའུ་བར་དང་། གཡོད་དབྱང་ནས་ཅིའུ་ཅང་བརྒྱུད་ཆུས་ཀྲོའུ་བར། ཧྲང་ཧའེ་ནས་ཁུན་མིང་བར། ཧེང་དབྱང་ནས་ཅིས་ཨན་བརྒྱུད་དབུན་ཀྲོའུ་བར། ཧྲའོ་ཀོན་ནས་ཀན་ཀྲོའུ་བརྒྱུད་ཞ་མོན་བར་བཅས་ཀྱི་འཕྲེད་ཕྱོགས་འགྲོ་ལམ་5གཞི་རྩའི་ཐོག་སྐྲུན་ཐུབ་པ་བྱ་རྒྱུ་བཏོན་ཡོད།
         མིག་སྔར་ཅང་ཤིས་ཞིང་ཆེན་དུ་སྐྲུན་བཞིན་པའི་ལྕགས་ལམ་རྣམ་གྲངས་ཁག་4ཡོད་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་འཆར་འགོད་འཛུགས་སྐྲུན་ལྕགས་ལམ་རྣམ་གྲངས་ཁག་8དང་འཆར་འགོད་ཞིབ་འཇུག་ལྕགས་ལམ་རྣམ་གྲངས་ཁག་6བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཅང་ཤིས་ཞིང་ཆེན་ནང་ལྕགས་ལམ་ལམ་ཚད་སྤྱི་ལེ་2662རིང་དུ་གཏང་རྒྱུ་དང་ཞིང་ཆེན་ནང་ཁུལ་གྱི་ལྕགས་ལམ་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་2730གཏོང་རྒྱུ་རེད།
         ཅང་ཤིས་ཞིང་ཆེན་གྱི་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བལྟོས་བཅས་ཀྱིས་ཉམས་ཞན་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ལྷོ་བྱང་ཕྱོགས་ཀྱི་མྱུར་བགྲོད་འགྲུལ་སྐྱེལ་འགྲོ་ལམ་འཛུགས་སྐྲུན་རྗེས་ལུས་ཡིན་པ། པེ་ཅིང་ནས་ཅིའུ་ལུང་བར་དང་ཧྲང་ཧའེ་ནས་ཁུན་མིང་བར་སོགས་ཀྱི་ལམ་ཐིག་གཙོ་བོའི་ནུས་པ་སྤྱོད་ཚད་ལོན་པ་དང་ཐ་ན་དེ་ལས་བརྒལ་བ་བཅས་འགྲོ་ལམ་ནུས་པ་སྔར་བཞིན་ཛ་དྲག་པོ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།