འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི“གྲོང་དཔོན”གླེང་སྟེགས་སྐབས་བཅུ་དྲུག་པ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24དང་25ཉིན་ཅང་སུའུ་ཡི་ཧྭ་ཤིས་དང་ཧྲན་ཤིས་ཀྱི་ཏ་ཀྲའེ་སོགས་གྲགས་ཅན་གྲོང་ཚོ་ནས་སླེབས་པའི་གྲོང་ཚོའི“སྐད་གྲགས་ཆེ་བའི་གྲོང་དཔོན”60ལྷག་ཙམ་དང་། གྲངས་ཉུང་མི་རིགས་ཀྱི“གྲོང་དཔོན”55 སློབ་ཆེན་ཐོན་པའི“གྲོང་དཔོན”རྙིང་ཉུང་མཐའ་དབུལ་བཞིའི་ས་ཁུལ་གྱི“གྲོང་དཔོན”དེ་བཞིན་སི་ཁྲོན་གྱི་ཁྱད་ལྡན་གྲོང་ཚོ་དང་གྲོང་ཚོའི་འཇོན་ཐང་ཅན་གྱི་འཐུས་མི་སོགས་མི་600ལྷག་ཙམ་སི་ཁྲོན་གྱི་ཕུང་ཀྲོའུ་རུ་འཛོམས་ཏེ་རྒྱལ་ཡོངས་ཀྱི“གྲོང་དཔོན”གླེང་སྟེགས་བྱེད་སྒོ་སྐབས་བཅུ་དྲུག་པར་ཞུགས་ནས“གྲོང་ཚོ་འཕེལ་རྒྱས་དང་གནད་སྨིན་དབུལ་སྐྱོར”དང་། “གྲོང་ཚོའི་མ་འཇོག”“རིག་ལྡན་གྲོང་ཚོ”སོགས“ཞིང་གསུམ”གྱི་འཕེལ་རྒྱས་ཇུས་ཆེན་ཐུན་མོང་ཐོག་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།
         རང་རྒྱལ་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པས་ཕན་ཚུན་སྤེལ་རེས་དང་འབྲེལ་གཏུག་བྱེད་པའི་རྒྱལ་ཡོངས་རང་བཞིན་གྱི་སྟེགས་བུ་ཁོ་ན་ཞིག་ཡིན་པའི་རྒྱལ་ཡོངས་ཀྱི“གྲོང་དཔོན”གླེང་སྟེགས་ནི་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཁྲི་50ལྷག་ཙམ་དང“གྲོང་དཔོན”ཁྲི་500ཡིས་གྲུབ་ཆ་གཙོ་བོར་བྱས་པའི་ལོ་འཁོར་གྱི་མཐོ་རིམ་རྒྱས་འཛོམས་ཤིག་རེད། ད་བར་དུ་གླེང་སྟེགས་བྱེད་སྒོ་དེ་སྐབས་བཅུ་དྲུག་སྤེལ་ཡོད། “བློ་གྲོས་མཉམ་སྤྱོད། མཉམ་ལས་འཕེལ་རྒྱས”ཞེས་པའི་བརྗོད་དོན་གཙོ་བོར་བྱས་པའི་སྐབས་འདིའི་གླེང་སྟེགས་ལ་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དང་། སི་ཁྲོན་ཞིང་ཆེན་གྱི་གྲོང་སྡེ་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་དང་སི་ཁྲོན་(པའོ་ཧྲན)གྲོང་ཚོ་འཕེལ་རྒྱས་སློབ་གླིང་བཙུགས་པ། པེ་ཅིང་གྲོང་ཁྱེར་གྱི་ཕང་ཧྲན་ཆུས་ཧན་ཧོ་གྲོང་ཚོ་སོགས་ཀྲུང་གོའི་གྲགས་ཅན་གྲོང་ཚོ་9ཡིས་ལི་རྫོང་ཤུའེ་ཁྲེང་གྲོང་རྡལ་ཅ་སྨི་གྲོང་ཚོ་སོགས་སི་ཁྲོན་གྱི་གྲོང་ཚོ་དབུལ་པོ་9དང་ཆ་སྒྲིག་རོགས་སྐྱོར་གྱི་གྲོས་མཐུན་ཡི་གེ་བཞག་པ། རྒྱལ་ཡོངས་ཀྱི“གྲོང་དཔོན”གྱི་འཐུས་མིས་ད་དུང་ལག་གདང་སྦྲེལ་ནས་《པའོ་ཧྲན་བསྒྲགས་གཏམ་》ཡོངས་བསྒྲགས་བྱས་པ། “གསར་གཏོད་སྔོན་དུ་བྱེད་པ་དང་། མཐུན་སྦྱོར་ལ་གཙིགས་ཆེན་བྱེད་པ། ལྗང་མདོག་གཞི་རྩར་འཛིན་པ། སྒོ་དབྱེ་གལ་ཆེན་དུ་བཟུང་བ། མཉམ་སྤྱོད་མཆོག་ཏུ་འཛིན་པ”བཅས་ཀྱི་ཐུན་མོང་ངོས་འཛིན་ཆེན་པོ་ལྔ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།