འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།འཕེལ་སྒྱུར་ཨུ་ལྷན་གྱིས་གསར་གཏོད་མ་འཇོག་གི་སྲིད་ཇུས་གསར་པ་ལྔ་ཐོག་མར་བཏོན་པས་
    ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན་པེ་ཅིང་དུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཞུས་ཁུན་ལིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་པར་འགྲེམས་བྱས་པའི་《ལས་གཏོད་མ་འཇོག་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》ནི་རྒྱལ་ནང་གི་ལས་གཏོད་མ་འཇོག་ལས་རིགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་མ་ལག་རང་བཞིན་དང་དམིགས་སའི་རང་བཞིན་གྱི་སྲིད་ཇུས་ཡིག་ཆ་ཐོག་མ་དེ་རེད། 《བསམ་འཆར་》ནང་སྣ་མང་ཅན་གྱི་ལས་གཏོད་མ་འཇོག་བྱེད་པོ་སྐྱེད་སྲིང་དང་། ལས་གཏོད་ཐོན་ཁུངས་མ་རྩའི་ཡོང་ཁུངས་རྒྱ་སྐྱེད། སྲིད་ཇུས་རོགས་སྐྱོར་ལ་ཤུགས་སྣོན་སོགས་ཁྱབ་ཁོངས་ཆེན་པོ་9ལ་དམིགས་ནས་སྲིད་ཇུས་བྱེད་ཐབས་20བཏོན་པར་བཀྲག་མདངས་འཚེར་ས་མང་པོ་ཡོད་ཅེས་བཤད།
         ཞུས་ཁུན་ལིན་གྱིས་《བསམ་འཆར་》ནང་གི་སྲིད་ཇུས་བྱེད་ཐབས་མང་དག་ཅིག་ནི་འདོན་ཐེངས་དང་པོ་ཡིན་པས་བཀྲག་མདངས་ཤིན་ཏུ་འཚེར་པོ་ཡོད། དཔེར་ན། ལས་གཏོད་མ་འཇོག་རྒྱུན་མཐུད་དང་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་རྩ་དོན་དང་འཕེལ་རྒྱས་དམིགས་ཚད་འདོན་ཐེངས་དང་པོ་ཡིན་པ་དང་། དུས་ཡུན་རིང་པོ་མ་འཇོག་དང་རིན་ཐང་མ་འཇོག་ལ་སྐུལ་མ་གཏོང་རྒྱུ་འདོན་ཐེངས་དང་པོ་ཡིན་པ། ལས་གཏོད་མ་འཇོག་གི་ཁྲལ་བསྡུའི་སྲིད་ཇུས་ལ་དམིགས་ཏེ་ཁྲལ་བསྡུའི་དྲང་སྙོམས་རྩ་དོན་འདོན་ཐེངས་དང་པོ་ཡིན་པ། ཁྲོམ་རའི་བྱེད་པོ་འཛུགས་སྐྱོང་ལ་དམིགས་ཏེ་ཁྲོམ་ར་ཅན་འཁོར་རྒྱུག་གི་ཆེད་ལས་ཅན་གྱི་དོ་དམ་ལ་སྐུལ་ལྕག་དང་ཚད་ལྡན་འཕེལ་རྒྱས་གཏོང་བའི་ལས་གཏོད་མ་འཇོག་ཐེབས་རྩ་ཨ་མ་འདོན་ཐེངས་དང་པོ་བཅས་རེད་ཅེས་བཤད།
         གཞན་ཡང་ཞུས་ཁུན་ལིན་གྱིས་《བསམ་འཆར་》ནང་ལས་གཏོད་མ་འཇོག་ཁྱབ་ཁོངས་ཀྱི་ཡིད་རྟོན་ཟིན་ཐོ“ཡོངས་ཁྱབ”མངོན་འགྱུར་བྱེད་པ་དང་། སྤྱི་ཕན་རང་བཞིན་གྱི་རྒྱབ་སྐྱོར་སྲིད་ཇུས་བྱེད་ཐབས་དེ་བས་མང་བ་ལག་ལེན་བསྟར་བ། རྒྱལ་ཁབ་ཀྱི་ལས་གཏོད་མ་འཇོག་དོ་དམ་ལམ་ལུགས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བཏོན་པ་དེས་ལས་གཏོད་མ་འཇོག་ཁྲོམ་ར་ལེགས་སུ་གཏོང་བ་དང་ལས་རིགས་ཀྱི་རང་སྡོམ་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།