འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་སྤར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཚེས་13ཉིན་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་《2016ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་དང་། ལས་ཁུངས། བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཐོབ་ཐང་ལེགས་སྒྲིག་གིས་སྤར་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ལེགས་སྒྲིག་ནི་2005ལོ་ཚུན་མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་རྒན་གསོའི་དངུལ་རྒྱུན་མཐུད་ངང་སྤོར་ཐེངས་12པ་དེ་ཡིན་པ་དང་། ལས་ཁུངས་དང་བྱ་གཞག་ཚན་པར་ཡང་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱས་ཚུན། གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱེད་ཐབས་གཞིར་བཟུང་ཐོབ་ཐང་ལེགས་སྒྲིག་ཐོག་མར་བྱས་པ་ཞིག་རེད་ལ། ཁེ་ལས་དང་ལས་ཁུངས་ཀྱི་བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་དུས་མཚུངས་སུ་ཐོབ་ཐང་ལེགས་སྒྲིག་བྱེད་ཐེངས་དང་པོ་དེ་ཡིན་པ་རེད། ལེགས་སྒྲིག་བྱས་རྗེས་མཚོ་སྔོན་ཞིང་ཆེན་གྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་ནུབ་བྱང་དང་རྒྱལ་ཡོངས་ཀྱི་སྔོན་དུ་སླེབས་པའི་གནས་རིམ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།
         སྤྱིའི་ལེགས་སྒྲིག་གི་ཚད་གཞི་དེ་2015ལོའི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ཟླ་རེའི་མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་འགན་གསོའི་དངུལ་གྱི་6.5%ཙམ་གཞིར་བཟུང་གཏན་འཁེལ་བྱས་ཡོད། སྤྱིའི་ལེགས་སྒྲིག་གི་ཚད་གཞིའི་ནང་ཁེ་ལས་སུ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ཟླ་རེའི་མི་རེའི་ཆ་སྙོམས་རྒན་གསོའི་དངུལ་གྱི་7%ཙམ་ནང་ཚོད་འཛིན་བྱས་ཡོད། ལས་ཁུངས་དང་བྱ་གཞག་ཚན་པར་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ཟླ་རེའི་མི་རེའི་ཆ་སྙོམས་རྒན་གསོའི་དངུལ་གྱི་6%ཙམ་ནང་ཚོད་འཛིན་བྱས་ན་འཐུས།
      

    ཕྱོགས་བསྡུས་གསར་འགྱུར།