འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དུ་ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་བཙུགས་པ། 

    མ་དངུལ་སྒོར་དུང་ཕྱུར་600བཏང་སྟེ་བོད་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན་ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་ལས་དངུལ་ཁང་དེ་མངའ་ཁོངས་ནང་གི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁྱབ་ཁོངས་ཀྱི་ཞབས་ཞུའི་དྲ་བ་ཡོངས་སུ་ཁྱབ་པ་མཚོན་གྱི་ཡོད། འབྱུང་འགྱུར་ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་ཁང་ལས་རིགས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ནས་བོད་ཀྱི་དངུལ་རྩའི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།
         གོང་ཚེས་ཉིན་ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ད་དུང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཀུང་སི་སོགས་དང་《དངུལ་རྩའི་མཉམ་ལས་གྲོས་མཐུན་》དང་《ཐབས་ཇུས་རོགས་ཟླའི་གྲོས་མཐུན་》ལ་མིང་རྟགས་བཀོད་པ་དང་། རྣམ་གྲངས་མཉམ་ལས་ཀྱི་མ་དངུལ་སྒོར་དུང་ཕྱུར་600ཟིན་ནས་བོད་ལྗོངས་ས་ཁུལ་གྱི་དངུལ་ཁང་དང་སྲིད་གཞུང་མཉམ་ལས་དང་། དངུལ་ཁང་དང་ཁེ་ལས་མཉམ་དུ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བཏོད་རྒྱུ་ཡིན་པ་རེད།
         ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་གི་ཏུང་ཧྲི་ཀྲང་ཅི་ཞའོ་ཧུའེ་ཡིས་ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་བཙུགས་རྗེས་རྣམ་གྲངས་མ་འཇོག་དངུལ་བུན་གྱི་གཞི་རྩའི་འཛུགས་སྐྲུན་དང་། རྐང་དབང་དངུལ་རྩ་སོགས་དངུལ་རྩའི་གསར་གཏོད་བྱེད་ཐབས་ཐོག་ནས་བོད་དུ་རྨང་གཞིའི་སྒྲོག་བཀོད་དང་ལས་གྲྭའི་རྣམ་གྲངས་དང་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ལ་མ་དངུལ་མཉམ་བསྡུའི་རྒྱབ་སྐྱོར་བྱས་ནས་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རོགས་སྐྱོར་བྱས་ཏེ་གཉིས་ཁེའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         1993ལོར་ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་བཙུགས་པ་ནས་ད་བར་རྒྱལ་ཡོངས་སུ་རིམ་པ་དང་པོའི་ཡན་ལག་དངུལ་ཁང་41བཙུགས་ཡོད་པ་དང་ལས་གཉེར་སྒྲིག་གཞི་1700ལྷག་ཙམ་ཟིན་ནས་རྒྱལ་ཡོངས་རང་བཞིན་གྱི་ཚོང་ལས་དངུལ་ཁང་གི་གཉེར་སྐྱོང་ཞབས་ཞུའི་རྣམ་པ་ཞིག་ཆགས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།