འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོའི་མཐོ་གྲང་ཁུལ་དུ་ཟླ་བརྒྱད་པར་ཚ་བ་ཆེ་བའི་གནམ་གཤིས་ཡང་ཡང་བསྟན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 08:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཨེའར་ཉི་ནུའོ་སྣང་ཚུལ་གྱི་རྗེས་མཐུད་ཤུགས་རྐྱེན་ཕོག་པ་ལས་མཚོ་བོད་ས་མཐོའི་མཐོ་གྲང་ཁུལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་དུ་ཟླ་བརྒྱད་པར་ཚ་བ་ཆེ་བའི་གནམ་གཤིས་ཡང་ཡང་བསྟན་པ་དང་ཆ་སྙོམས་དྲོད་ཚད་དེ་རྒྱུན་གཏན་ལས་ཧྲེ་ཧྲི་ཏུའུ་3.4ཡིས་མཐོ་བ་ཡོད་པས་1961ལོ་ཚུན་གྱི་ལོ་རྒྱུས་ཀྱི་ཚ་བ་ཆེ་ཤོས་སུ་སླེབས་ཡོད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་དཔྱད་གཞིར་དབྱེ་ཞིབ་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་བདུན་པ་ནས་བཟུང་མཚོ་སྔོན་གྱི་ས་ཆ་མང་ཆེ་བའི་དྲོད་ཚད་མཐོ་རུ་ཕྱིན་པ་དང་ཚྭ་འདམ་གཤོང་ས་དང་ཤར་ཕྱོགས་ཞིང་ལས་ཁུལ་དུ་ཚ་བ་ཆེ་བའི་གནམ་གཤིས་བསྟན་ཡོད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་མ་ཀྲན་ལེའང་གིས་གསར་འགོད་པར་ཟླ་བདུན་པའི་ཟླ་མཇུག་ནས་ཟླ་བརྒྱད་པའི་ཟླ་དཀྱིལ་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཚིགས་23ལ་ཚ་བ་ཆེ་བའི་གནམ་གཤིས་བསྟན་པའི་ཁྲོད་ས་ཚིགས་12ལ་ཚ་བ་ཆེ་ཤོས་ཀྱི་ཚད་གཞིར་སླེབས་ཡོད་ཅེས་བཤད།
         མ་ཀྲན་ལེའང་གིས་ཟླ་བརྒྱད་པར་མཚོ་སྔོན་དུ་གནམ་གཤིས་ཧ་ཅང་ཚ་བ་ཆེ་བ་དང་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་16.4ཟིན་ནས་རྒྱུན་གཏན་ལས་ཧྲེ་ཧྲི་ཏུའུ་3.4མཐོ་བ་ཡོད་པས་1961ལོ་ཚུན་གྱི་ལོ་རྒྱུས་ཀྱི་ཚ་བ་ཆེ་ཤོས་སུ་སླེབས་ཡོད་ཅེས་བཤད།
         རྒྱུན་འགལ་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་པ་ལས་ཟླ་བརྒྱད་པའི་ཟླ་དཀྱིལ་དང་ཟླ་མཇུག་ཏུ་མཚོ་སྔོན་གྱི་ས་ཆ་ཁག་གཅིག་ལ་དྲག་ཆར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་ཐོན་པ་དང་། རི་ཉིལ་བ། སེར་བ་བབས་པ་སོགས་ཀྱི་གནམ་གཤིས་ཀྱི་གནོད་འཚེ་ཡང་ཡང་ཐོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།