འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ལྷོ་ཕྱོགས་ཞིང་ཆེན་7ལ་ཆུ་ལོག་ཞོད་སྐྱོན་དང་རླུང་འཚུབ་ཀྱི་གནོད་འཚེ་བསྟུད་མར་
    བྱུང་ནས་མི་ཁྲི་10.5ལྷག་ལ་གནོད་སྐྱོན་ཐེབས་པ་དང་མི་2གར་སོང་
    ཆ་མེད་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་14ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རང་རྒྱལ་གྱི་ལྷོ་ཕྱོགས་ཞིང་ཆེན་7ལ་ཆུ་ལོག་ཞོད་སྐྱོན་དང་རླུང་འཚུབ་ཀྱི་གནོད་འཚེ་བསྟུད་མར་
བྱུང་ནས་མི་ཁྲི་10.5ལྷག་ལ་གནོད་སྐྱོན་ཐེབས་པ་དང་མི་2གར་སོང་
ཆ་མེད་དུ་གྱུར་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་ནས་བཟུང་འབྲི་ཆུའི་ལྷོ་རྒྱུད་དང་། ཀྲུང་ཧྭ་ལྷོ་རྒྱུད། ལྷོ་ནུབ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་བསྟུད་མར་བབས་པའི་གནམ་གཤིས་བྱུང་བ་དང་། ས་གནས་ཁ་ཤས་སུ་ད་དུང་འབྲུག་ཆར་དང་། རླུང་འཚུབ། སེར་བ་བབས་པ་སོགས་ཀྱི་གནམ་གཤིས་ཀྱང་བྱུང་བས། ཧྥུའུ་ཅན་དང་། ཧུའུ་ནན། ཀོང་ཏུང་། ཀོང་ཞི། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན་སོགས་ཀྱི་ཞིང་ཆེན་ལ་ཆུ་ལོག་དང་། ཞོད་སྐྱོན། རླུང་འཚུབ། སེར་བ། འདམ་རྡོའི་ཆུ་རུད་ལ་སོགས་པའི་གནོད་འཚེ་རྒྱུན་མཐུད་བྱུང་བ་རེད། ཟླ་9ཚེས་13ཉིན་གྱི་ཆུ་ཚོད་9ཡི་བར་དུ་བསྡོམས་རྩིས་བྱས་པ་ལྟར་ན། གོང་གསལ་ཞིང་ཆེན་(རང་སྐྱོང་ལྗོངས་)7དང་། གྲོང་ཁྱེར་(རང་སྐྱོང་ཁུལ་)18 རྫོང་(གྲོང་ཁྱེར་དང་ཆུས་)29བཅས་ཀྱི་མི་གྲངས་ཁྲི་10.5ལྷག་ལ་གནོད་སྐྱོན་ཐེབས་པ་དང་། མི་2གར་སོང་ཆ་མེད་དུ་གྱུར་ཅིང་། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་2.3ལྷག་བྱུང་ཡོད་པ་རེད།  
      

    ཕྱོགས་བསྡུས་གསར་འགྱུར།