འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་བྱང་རྒྱུད་དུ་ཆུ་ལོག་གི་གནོད་འཚེ་བྱུང་བས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ཡོངས་གེགས་
    སེལ་ལས་ཀར་ཞུགས་དགོས་པའི་འབོད་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བ་ལྟར་ན། ཉེ་སྔོན་ཁྲའོ་ཞན་བྱང་རྒྱུད་དུ་དྲག་ཆར་ཡོངས་ཁྱབ་ཏུ་བབས་པས་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་ཉུང་མཐར་ཡང་མི་60རྐྱེན་ལམ་དུ་ཤོར་བ་དང་མི་25གར་སོང་ཆ་མེད་དུ་གྱུར་པ་རེད། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཚེས་10ཉིན་འབོད་སྐུལ་ཡི་གེ་ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ཡོངས་ཞན་ཅིན་བྱང་རྒྱུད་ས་ཁུལ་གྱི་གེགས་སེལ་ལས་དོན་ལ་ཞུགས་དགོས་པའི་འབོད་སྐུལ་བྱས་པ་རེད།
         ཏང་ཡོངས་དང་། དམག་ཡོངས། དམངས་ཡོངས་བཅས་ལ་བཏང་བའི་འབོད་སྐུལ་ཡི་གེ་འདིའི་ནང་དུ་ཉེ་ཆར་ཞན་ཅིན་བྱང་རྒྱུད་ཀྱི་གྲོང་ཁྱེར་དང་ཅུན་ཁ་ཤས་སུ་དྲག་ཆར་བབས་ནས་རང་བྱུང་གི་གནོད་འཚེ་ཚབས་ཆེན་བྱུང་ཡོད་ཅིང་། སྡོད་ཁང་ཁྲི་ཕྲག་དུ་མ་དང་སྤྱི་སྤྱོད་བཟོ་བཀོད་ཆ་ཤས་རྡིབ་པ་དང་། འགྲིམ་འགྲུལ་དྲ་རྒྱ་དང་གློག་ཤུགས་མཁོ་འདོན་མ་ལག་དང་། བཟོ་གྲྭ ས་ཞིང་སོགས་ལ་གཏོར་སྐྱོན་ཐེབས་ནས་མང་ཚོགས་ཀྱི་ཁྱིམ་གཞིས་ཀྱང་མེད་པར་གྱུར་པ་རེད་ཅེས་བཀོད་ཡོད་པ་རེད།
         འབོད་སྐུལ་ཡི་གེའི་ནང་དུ་མིག་སྔའི་གནས་ཚུལ་ཛ་དྲག་ཆེན་པོ་འདིར་དམིགས་ནས། ཁྲའོ་ཞན་ངལ་རྩོལ་ཏང་གིས་“ཉིན་200རིང་གི་དམག་འཐབ་”བྱེད་ཕྱོགས་གཙོ་བོ་བྱང་རྒྱུད་གནོད་ཐེབས་ས་ཁུལ་གྱི་གེགས་སེལ་ལས་ཀར་བསྒྱུར་དགོས། དེར་བརྟེན་ཁྲའོ་ཞན་ངལ་རྩོལ་ཏང་གིས་“སྐྱ་རེངས་ཁྲོམ་ལམ་ཆེན་པོ་”འཛུགས་སྐྲུན་ལ་སོགས་པའི་བཟོ་སྐྲུན་གཙོ་བོར་ཞུགས་པའི་གཙོ་ཤུགས་དམག་དཔུང་གེགས་སེལ་ལས་དོན་གྱི་མདུན་སར་མངགས་གཏོང་བྱས་པ་མ་ཟད། ལས་ཁུངས་ཁག་དང་སྡེ་ཁག་སོ་སོས་བྱང་རྒྱུད་ཀྱི་གེགས་སེལ་ལས་དོན་དེ་“ཉིན་200རིང་གི་དམག་འཐབ་”ཀྱི་ལྟེ་བའི་ལས་འགན་དུ་བརྩིས་ནས་སྐུལ་སློང་བྱ་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།