འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།གསེར་ཁོག་ཏུ་བརྩེ་སེམས་ཀྱིས་བསྐྲུན་པའི་རེ་བ་ཞེས་པའི་སྤྱི་ཕན་དགེ་ལས་དགོང་ཚོགས་བསྡུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གསེར་ཁོག་ཏུ་བརྩེ་སེམས་ཀྱིས་བསྐྲུན་པའི་རེ་བ་ཞེས་པའི་སྤྱི་ཕན་དགེ་ལས་དགོང་ཚོགས་བསྡུས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསེར་ཁོག་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་རྫོང་གེ་སར་རིག་གནས་སྒྱུ་རྩལ་ཕོ་བྲང་ལྟེ་གནས་སུ་བརྩེ་སེམས་ཀྱིས་བསྐྲུན་པའི་རེ་བ་ཞེས་པའི་སྤྱི་ཕན་དགེ་ལས་དགོང་ཚོགས་འཚོགས་པ་རེད།             
         དགོང་ཚོགས་བསྡུས་པའི་མཚན་མོ་དེར་དགེ་ལས་ཞལ་འདེབས་དམངས་སྒོར་ཁྱོན་༢༨༩༥༠འབྱོར་ཡོད་པ་སྟེ། དེའི་ནང་གསེར་ཁོག་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཞིང་སྡེ་ཡིད་རྟོན་དངུལ་ཁང་། རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཁང་། རིག་སློབ་ཅུས། རྫོང་མཁར་སློབ་ཆུང་། རྫོང་ཆ་ཚང་སློབ་ཆུང་གཉིས་པ་བཅས་ཀྱི་ཁྱོན་ཞལ་འདེབས་དམངས་སྒོར་༢༡༨༠༠འབྱོར་ཡོད། འཛིན་བྱང་རིན་དམངས་སྒོར་༤༢༥༠ཡོད། མི་སྒེར་གྱི་ཞལ་འདེབས་དམངས་སྒོར་༢༩༠༠བཅས་ཡོད། གསེར་ཁོག་གྲོང་རྡལ་གྱི་སྡེ་བ་༨ཡི་དབུལ་ཕོངས་སློབ་མ་༨དང་སྟག་རྩེད་ཡུལ་ཚོའི་དྭ་ཕྲུག་སློབ་མ་གཅིག་ལ་མི་རེར་དམངས་སྒོར་༡༠༠༠རེའི་རོགས་སྐྱོར་གནང་རྗེས། ལྷག་མའི་མི་དམངས་ཤོག་སྒོར་༡༩༩༥༠ཡིས་སློབ་གསོ་ཐེབས་རྩ་ཚོགས་པ་ཞིག་བཙུགས་ནས་ལོ་རེར་དབུལ་ཕོངས་སློབ་མར་རོགས་དངུལ་སྤྲོད་པའི་འཆར་གཞི་བཟོས་པ་རེད།
         གསེར་ཁོག་གྲོང་རྡལ་གྱི་ཀྲེན་ཀྲང་གིས་སློབ་མ་དག་ལ་གཟེངས་བསྟོད་དང་རྒྱབ་སྐྱོར་བྱས་ཏེ་ཕྱིན་ཆད་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དགོས་པའི་རེ་འདུན་བཏོན་པ་དང་བརྩེ་སེམས་ཅན་གྱི་མི་སྣ་དག་གི་རོགས་སྐྱོར་ཆུད་ཟོས་སུ་མི་གཏོང་བ། དབུལ་ཕོངས་སློབ་མ་དག་གི་ཚབ་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གི་བརྩེ་སེམས་མི་སྣ་དག་ལ་སེམས་གཏིང་ནས་བཀའ་དྲིན་ཞུས། ༼གསེར་ཐར་རྫོང་མི་དམངས་སྲིད་གཞུང་རྒྱ་བོད་ཡིག་སྒྱུར་ཁང་། ཆོས་ཀྱི་དགའ་བ་ནས།༽
      

    ཕྱོགས་བསྡུས་གསར་འགྱུར།