འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་གཡོད་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་ཀྲུང་གོ་རུ་ཁག་གིས་གསེར་གྱི་གཟེངས་
    རྟགས་27བླངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལི་གཡོད་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་ཀྲུང་གོ་རུ་ཁག་གིས་གསེར་གྱི་གཟེངས་
རྟགས་27བླངས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ལི་གཡོད་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་རང་རྒྱལ་གྱི་དབང་སྐྱོན་ལུས་རྩལ་པ་ཚོའི་ངོ་མཚར་གྱི་འགྲན་བསྡུར་བྱས་ཚུལ་དང་ཞུམ་མེད་ཀྱི་སྙིང་སྟོབས་ཀྱིས་ལྟད་མོ་བ་ཉིན་རེ་ལས་ཉིན་རེར་མང་བའི་མིག་དབང་འཕྲོག་པ་རེད། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་10ཉིན་གྱི་དགོང་མོར་ཀྲུང་གོའི་ཆུ་རྐྱལ་ལུས་རྩལ་པ་ཞུས་ཆིན་གྱིས་སྐྱེས་པའི་S6རིམ་པའི་སྨི་50ཡི་རང་མོས་ཆུ་རྐྱལ་འགྲན་བསྡུར་ནང་ཐེངས་འདིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་ཁོང་གི་གསེར་གྱི་གཟེངས་རྟགས་གསུམ་པ་དེ་བླངས་པས། ཁོང་གིས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་བླངས་པའི་གསེར་གྱི་གཟེངས་རྟགས་བསྡོམས་གྲངས་བཅུ་རུ་བཏང་ནས་གཏམ་རྒྱུད་ངོ་མཚར་ཅན་བརྩམས་པ་རེད། ཟླ་9ཚེས་11ཉིན་གསར་འགོད་པས་གནས་འཕྲིན་སྤེལ་བའི་བར་དུ་ཀྲུང་གོའི་ལུས་རྩལ་ཚོགས་པས་གསེར་གྱི་གཟེངས་རྟགས་27དང་དངུལ་གྱི་གཟེངས་རྟགས་28 ཟངས་ཀྱི་གཟེངས་རྟགས་21བཅས་བླངས་ནས་མུ་མཐུད་དེ་གདོང་ལེན་བྱེད་པའི་གོ་གནས་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་རེད།
    ༄༅།།ལི་གཡོད་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་ཀྲུང་གོ་རུ་ཁག་གིས་གསེར་གྱི་གཟེངས་
རྟགས་27བླངས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།