འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྟོན་དུས་ཀྱི་གངས་ལྗོངས་རོལ་ཞིང་བརྩེ་དུང་སེམས་ཀྱི་ཉི་ཟླར་བཅངས་ནས། བདེ་ཆེན་དུ་
    སྟོན་མཇུག་གི་སྤྱང་དུག་མེ་ཏོག་གི་གཏམ་རྒྱུད་རྣམ་པར་འབྱེད་པར་
    ཕེབས་པར་གདན་འདྲེན་ཞུ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་08ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྟོན་དུས་ཀྱི་གངས་ལྗོངས་རོལ་ཞིང་བརྩེ་དུང་སེམས་ཀྱི་ཉི་ཟླར་བཅངས་ནས། བདེ་ཆེན་དུ་
སྟོན་མཇུག་གི་སྤྱང་དུག་མེ་ཏོག་གི་གཏམ་རྒྱུད་རྣམ་པར་འབྱེད་པར་
ཕེབས་པར་གདན་འདྲེན་ཞུ།
         མི་དམངས་དྲ་བའི་འཕྲིན། ལོ་རེའི་སྟོན་དུས་ཀྱི་རྣམ་པ་བཀྲ་བའི་སྐབས་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཡུལ་དུ་སྤྱང་དུག་མེ་ཏོག་གིས་ས་གཞི་ཡོངས་དམར་པོར་རྒྱན་པའི་དུས་ཡིན། སྟོན་ཁ་ཤར་བ་ནས་བཟུང་སེམས་ཀྱི་ཉི་ཟླའི་ཡུལ་ལྗོངས་ཐུན་མོང་མ་ཡིན་པའི་མཛེས་སྡུག་ལྡན་པ་མངོན། ཟླ་9ཚེས་6ཉིན་“སྟོན་དུས་ཀྱི་གངས་ལྗོངས་རོལ་ཞིང་བརྩེ་དུང་སེམས་ཀྱི་ཉི་ཟླར་བཅངས་”ཞེས་པ་བརྗོད་བྱ་གཙོ་བོ་བྱེད་པའི་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ་ཁུན་མིང་གྲོང་ཁྱེར་དུ་འཚོགས་ཤིང་། ཡུལ་ཕྱོགས་ཁག་གི་སྐུ་མགྲོན་རྣམས་སེམས་ཀྱི་ཉི་ཟླར་ཕེབས་ནས་སྟོན་མཇུག་གི་སྤྱང་དུག་མེ་ཏོག་གི་གཏམ་རྒྱུད་རྣམ་པར་འབྱེད་པར་གདན་འདྲེན་ཞུས་པ་རེད། 
         མཚམས་སྦྱོར་བྱས་པར་གཞིགས་ན། “སེམས་ཀྱི་ཉི་ཟླ་”ཞེས་པའི་སྤུས་རྟགས་གསར་གཏོད་དང་བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་བསྟུན་ནས་2016ལོའི་ལོ་སྟོད་དུ་བདེ་ཆེན་ཁུལ་གྱི་ཡུལ་སྐོར་གྱི་དཔལ་འབྱོར་དམིགས་ཚད་ཁག་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན། ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི་711.58སྣེ་ལེན་བྱས་ཤིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་18.4%འཕར་བ་དང་། དེའི་ཁྲོད་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁྲི་56.19སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཡོང་སྒོ་དུང་ཕྱུར་69.62མངོན་འགྱུར་བྱས་ཤིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་20.57%འཕར་བ་རེད།
         2016ལོའི་ཟླ་1པོ་ནས་ཟླ་5པའི་བར། བདེ་ཆེན་ཁུལ་གྱི་བས་མཐའ་མཚོ་དང་། སྨན་རི་གངས་རི། སྟག་མཆོག་གྲོང་རོང་། སེམས་ཀྱི་ཉི་ཟླའི་གྲོག་རོང་ཆེན་པོ་རྒྱལ་ཁབ་སྤྱི་གླིང་འབའ་ལྷ་དཀར་རྫོང་མཛེས་ལྗོངས་ཁུལ་སོགས་རྒྱལ་ཁབ་སྤྱི་གླིང་ལ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་ཤུགས་ཆེན་བཏང་བས། ཡུལ་སྐོར་བ་སྔར་ལས་མང་བ་ཡུལ་སྐོར་སྤྲོ་གསེང་གཏོང་བར་ཕེབས་པར་འགུགས་བཞིན་ཡོད་པ་རེད། 
    【1】  【2】  【3】
    ༄༅།།སྟོན་དུས་ཀྱི་གངས་ལྗོངས་རོལ་ཞིང་བརྩེ་དུང་སེམས་ཀྱི་ཉི་ཟླར་བཅངས་ནས། བདེ་ཆེན་དུ་
སྟོན་མཇུག་གི་སྤྱང་དུག་མེ་ཏོག་གི་གཏམ་རྒྱུད་རྣམ་པར་འབྱེད་པར་
ཕེབས་པར་གདན་འདྲེན་ཞུ།
      

    ཕྱོགས་བསྡུས་གསར་འགྱུར།