འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།“འབྲི་ཆུའི་སྦྲག་སྲིད་ཅུས་ཨང་དང་པོས”གདང་ལ་གྲོང་རྡལ་དུ་དངོས་སུ་ལས་གཉེར་
    བྱེད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་08ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱིས་མ་དངུལ་བཏང་སྟེ་བསྐྲུན་པའི་འབྲི་ཆུའི་སྦྲག་སྲིད་ཅུས་ཨང་དང་པོ་དེ་ས་བབ་སྨི་4540ཡོད་པའི་གདང་ལ་གྲོང་རྡལ་དུ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འབྲི་ཆུའི་སྦྲག་སྲིད་ཅུས་ཨང་དང་པོ་བཙུགས་པ་དང་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེས་འབྲི་ཆུ་བརྗོད་བྱ་གཙོ་བོར་བྱེད་པའི་མུ་འབྲེལ་སྦྲག་སྲིད་ཅུས་སྐྲུན་འགོ་ཚུགས་པ་མཚོན་གྱི་ཡོད། འབྲི་ཆུ་བརྗོད་བྱ་གཙོ་བོར་བྱེད་པའི་མུ་འབྲེལ་སྦྲག་སྲིད་ཅུས་ཀྱིས་འབྲི་ཆུ་སྦྲེལ་ཐག་ཏུ་བྱེད་པ་དང་འབྲི་ཆུའི་ཆུ་གཞུང་ཨ་མ་རྒྱུག་ཁུལ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་11མཉམ་དུ་སྦྲེལ་བའི་ཁར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་རེ་ནས་མཚོན་བྱེད་རང་བཞིན་ཆེ་ཤོས་ཀྱི་གྲོང་ཁྱེར་རམ་ཡང་ན་མཛེས་ལྗོངས་ས་ཚིགས་བདམས་ཏེ་འབྲི་ཆུ་བརྗོད་བྱ་གཙོ་བོར་བྱེད་པའི་སྦྲག་སྲིད་ཅུས་བཙུགས་པ་དང་མཚོ་སྔོན་གྱི་གོར་མོའི་འབྲི་ཆུའི་སྦྲག་སྲིད་ཅུས་ཨང་དང་པོ་ནས་འགོ་བཙུགས་ཏེ་ཧྲང་ཧའེ་ཡི་འབྲི་ཆུའི་སྦྲག་སྲིད་ཅུས་ཨང་བཅུ་གཅིག་པ་བར་གོ་རིམ་སྒྲིག་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གོར་མོ་གྲོང་ཁྱེར་གྱིས་འབྲི་ཆུ་བརྗོད་བྱ་གཙོ་བོར་བྱེད་པའི་སྦྲག་སྲིད་ཅུས་ཨང་དང་པོ་བཙུགས་པ་དང་དུས་མཚུངས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་མཉམ་དུ་མ་དངུལ་བཏང་སྟེ། མཚོ་བོད་གཞུང་ལམ་རྒྱུད་དུ་གད་སྙིགས་ཚུར་བསྡུ་གཙོ་བོར་བྱེད་པའི“མཚོ་བོད་ལྗང་མདོག་ས་ཚིགས”8བསྐྲུན་ནས་འབྲི་ཆུའི་ཆུ་གཞུང་ཨ་མ་གཞུང་གཅིག་དང་མཚོ་བོད་གཞུང་ལམ་འཕྲེད་གཅིག་བརྒྱུད་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་དུས་མཚུངས་མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་ལེགས་གཏོང་དང་འབྲི་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལེགས་གཏོང་ཐད་དཔེ་སྟོན་ནུས་པ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།