འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་རིག་གནས་སྒྱུ་རྩལ་གཟའ་འཁོར་སྐབས་དང་པོ་འཚོག་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་08ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན་ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱིས་པེ་ཅིང་དུ་ཀྲུང་གོའི་(ཅི་ལིན་གྲོང་ཁྱེར་)ཏའོ་ཅའོ་ཆོས་ལུགས་རིག་གནས་སྒྱུ་རྩལ་གཟའ་འཁོར་སྐབས་དང་པོ་ཟླ་9ཚེས་24ནས་ཚེས་27ཉིན་བར་ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
         ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཡིན་པའི་ཏའོ་ཅའོ་ཆོས་དཔོན་ཀྲང་ཕུང་ལིན་གྱིས་ད་ཐེངས་ཀྱི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ཏའོ་ཅའོ་ཆོས་ལུགས་ཀྱི་ཀུན་ཕན་གཞུང་དེར་བརྩི་སྲུང་ཞུས་ནས་འགྲོ་བ་ཀུན་ལ་ཕན་བདེ་སྐྲུན་དགོས”ཞེས་པ་དེ་ཡིན། དེའི་རིང་སྨོན་ལམ་འཚོག་པ་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་རིག་གནས་སློབ་ཁྲིད་བྱེད་པ་(སྐབས་རིམ་བྱུང་གི་ཞོན་མོན་ཕྱག་དཔེ་བའི་བྱ་དགའ་ཐོབ་མཁན་ཏའོ་ཅའོ་ཆོས་དཔོན་གྱིས་གསུང་བརྗོད་གནང་བ་) ཀྲེན་ཝུའུ་རིག་གནས་གླེང་སྟེགས། སྐབས་བཅུ་དྲུག་པའི་ཏའོ་ཅའོ་རོལ་དབྱངས་སྐོང་འཁྲབ། ཏའོ་ཅའོ་ཆོས་ལུགས་ཀྱི་ཡིག་གཟུགས་རི་མོ་འགྲེམས་སྟོན། བྱང་ཤར་ཏའོ་ཅའོ་ཆོས་ལུགས་ཀྱི་རིག་གནས་འགྲེམས་སྟོན། ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་སྤྱི་ཕན་དགེ་སྒྲུབ་གཟའ་འཁོར་གྱི་འགོ་འཛུགས་མཛད་སྒོ། ཏའོ་ཅའོ་སྨན་པའི་འོས་འགན་སྨན་བཅོས་དང་ལུས་གསོ་བྱེད་སྟངས་འགྲེམས་སྟོན་སོགས་རིག་གནས་བྱེད་སྒོ་མང་པོ་གཉེར་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།