འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུ་ཤུ་ཀུང་སིས་iPhone7པ་གསར་དུ་བཏོན་པ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་08ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀུ་ཤུ་ཀུང་སིས་iPhone7པ་གསར་དུ་བཏོན་པ་ཁྱབ་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་ཟླ་9ཚེས་8ཉིན་གྱི་སྐྱ་རེངས་སུ་ཀུ་ཤུ་ཀུང་སིས་ཨ་མེ་རི་ཁར་སྟོན་དུས་ཀྱི་ཐོན་རྫས་གསར་པ་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས་ iPhone7དང་iPhone7 Plusཡང་འདུས་པའི་iPhone གསར་དུ་བཏོན་པ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོར་ཐོག་མར་འགྲེམས་འཚོང་བྱ་རྒྱུའི་གྲས་སུ་iPhone7པ་འཚོང་འགོ་ཚུགས་པའི་རིན་གོང་མི་དམངས་ཤོག་སྒོར་5388ཡིན་པ་དང་། iPhone7 Plusའཚོང་འགོ་ཚུགས་པའི་རིན་གོང་མི་དམངས་ཤོག་སྒོར་6388ཡིན་ཞིང་། ཟླ་9ཚེས་9ཉིན་ནས་བཟུང་མངག་ཉོ་བྱས་ཆོག་ལ་ཚེས་16ཉིན་ནས་བཟུང་ཕྱིར་འཚོང་བྱ་རྒྱུ་རེད། 
         ཀུ་ཤུ་ཀུང་སིས་ད་རུང་སྐུད་མེད་ཉན་བྱེད་འཕྲུལ་ཆས་གསར་པ་AirPodsམཚམས་སྦྱོར་བྱས་ཤིང་། རིན་གོང་ཨ་སྒོར་159ཡིན་པ་དང་། ཀྲུང་གོའི་ས་ཁུལ་དུ་རིན་གོང་མི་དམངས་ཤོག་སྒོར་1288ཡིན་ལ་ཟླ་10པའི་ཟླ་མཇུག་ཏུ་བྲིན་འཚོང་བྱ་རྒྱུ་རེད། གཞན་ད་དུང་རབས་གསར་པའི་Apple Watchསྟེ་མིང་དུ་Apple Watch Series 2ཞེས་པ་ཡང་བཏོན་པ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོའི་ས་ཁུལ་དུ་འཚོང་འགོ་ཚུགས་པའི་རིན་གོང་མི་དམངས་ཤོག་སྒོར་2188རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།ཀུ་ཤུ་ཀུང་སིས་iPhone7པ་གསར་དུ་བཏོན་པ་ཁྱབ་བསྒྲགས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།