འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལིའོ་ཉིང་གི་ཉེན་རྟོག་ཕྱོགས་ཀྱིས་དུས་ཡུན་ཆུ་ཚོད་8ཀྱི་རིང་དུ་དངུལ་སྐྱེལ་རླངས་འཁོར་འཕྲོག་
    བཅོམ་བྱས་པའི་གྱོད་དོན་རྩད་ཆོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་08ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལིའོ་ཉིང་གི་ཉེན་རྟོག་ཕྱོགས་ཀྱིས་དུས་ཡུན་ཆུ་ཚོད་8ཀྱི་རིང་དུ་དངུལ་སྐྱེལ་རླངས་འཁོར་འཕྲོག་
བཅོམ་བྱས་པའི་གྱོད་དོན་རྩད་ཆོད་བྱས་པ།
         མི་དམངས་དྲ་བའི་འཕྲིན། ལིའོ་ཉིང་ཞིང་ཆེན་སྤྱི་བདེ་ཐིང་གིས་འདོན་སྤྲོད་བྱས་པའི་ཆ་འཕྲིན་གསར་ཤོས་ལྟར་ན། ཟླ་9ཚེས་7ཉིན་གྱི་ཆུ་ཚོད་13གྱི་སྟེང་དུ་ཡིང་ཁོའུ་གྲོང་ཁྱེར་ཁོངས་ཏ་ཧྲི་ཆའོ་གྲོང་ཁྱེར་དུ་དངུལ་སྐྱེལ་རླངས་འཁོར་འཕྲོག་བཅོམ་བྱས་པའི་གྱོད་དོན་ཞིག་བྱུང་བ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་རྩད་གཅོད་ལས་ཀ་བྱས་པ་བརྒྱུད། ཉིན་དེའི་དགོང་མོའི་ཆུ་ཚོད་9ཡི་སྟེང་དུ་དོགས་ཡོད་ཉེས་ཅན་ལི་ཆེ་གེ་མོ་རང་ཁྱིམ་ནས་འཛིན་བཟུང་བྱས་ཤིང་། ཉེན་རྟོག་ཕྱོགས་ཀྱིས་དུས་ཡུན་ཆུ་ཚོད་8ཀྱི་རིང་དུ་གྱོད་དོན་འདི་ལེགས་འགྲུབ་ངང་རྩད་ཆོད་བྱས་པ་རེད། 
         ཤེས་རྟོགས་བྱུང་བ་ལྟར་ན། དོགས་ཡོད་ཉེས་ཅན་ལི་ཆེ་གེ་མོ་ནི་སྐྱེས་པ་དང་། ལོ་35། ཡིང་ཁོའུ་གྲོང་ཁྱེར་གྱི་དོས་འདྲེན་ཀུང་སི་ག་གེ་མོའི་གདན་ཞུས་གན་བཞག་ལམ་ལུགས་ཀྱི་རླངས་འཁོར་ཁ་ལོ་བ་ཞིག་རེད། ཟླ་9ཚེས་7ཉིན། ལི་ཆེ་གེ་མོས་དངུལ་སྐྱེལ་རླངས་འཁོར་བཏང་ནས་དོས་འདེད་པ་གཞན་བཞི་དང་མཉམ་དུ་ཡིང་ཁོའུ་གྲོང་ཁྱེར་ཞིང་ལས་དངུལ་ཁང་དུ་མི་དམངས་ཤོག་སྒོར་ཁྲི་3500བླངས་ཏེ་ཏ་ཧྲི་ཆའོ་གྲོང་ཁྱེར་གྱི་ཞིང་ལས་དངུལ་ཁང་དུ་སྐྱེལ་བ་ཡིན་ཞིང་། ཏ་ཧྲི་ཆའོ་གྲོང་ཁྱེར་གྱི་ཞིན་ཧོ་ཀུའོ་པའོ་གཞིས་ཁུལ་གྱི་ལམ་མཚམས་སུ་སླེབས་རྗེས་ལི་ཆེ་གེ་མོས་ལག་ཏུ་དཀྲུམ་མདའ་བཟོ་འདྲ་ཞིག་(ལི་ཆེ་གེ་མོས་རང་ཉེས་ངོས་ལེན་ཞུ་སྐབས་རྩེད་ཆས་དཀྲུམ་མདའ་ཡིན་ཞེས་བཤད། ཉེན་རྟོག་ཕྱོགས་ཀྱིས་བདེན་མིན་ཞིབ་དཔྱད་བྱེད་བཞིན་ཡོད་པ་)བཟུང་ནས་མི་དམངས་ཤོག་སྒོར་ཁྲི་600འཕྲོག་སོང་བ་རེད། ཉེན་རྟོག་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རྩད་གཅོད་ལས་ཀ་བྱས་པ་བརྒྱུད་འཕྲོག་བཅོམ་བྱས་པའི་དངུལ་ཁྲི་600ཚང་མ་འདེད་ལེན་བྱས་པ་རེད།
         མིག་སྔར། གྱོད་དོན་ད་རུང་མ་མཐུད་དུ་མྱུལ་ཞིབ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།