འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་12ཀྱིས་སྒྲིག་འགལ་ངང་ཕོགས་སྣོན་དང་
    ཁ་གསབ་དངུལ་སྤྲད་པས་ཆད་པ་ཕོག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་08ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། འདི་ལོ་ཚུན་མཚོ་སྔོན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྲོད་སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་དངུལ་སྤྲད་པའི་གནད་དོན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་དེ་དང་དུས་མཚུངས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་ཆད་པ་ཕོག་པའི་མི་གྲངས་མང་དུ་སོང་བའི་ནང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་12ཡོད་པ་རེད།
         བསྡོམས་རྩིས་ལྟར་ན། འདི་ལོའི་ཟླ་བ་དང་པོ་ནས་དྲུག་པ་བར་མཚོ་སྔོན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་32ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་66ལ་ཆད་པ་བཅད་པའི་ནང་ཏང་གི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་མཁན་35ཡོད། ན་ནིང་གི་དུས་མཚུངས་དང་བསྡུར་ན་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་ཚད་3.03%ཆག་རུང་ཞིབ་བཤེར་ཐག་གཅོད་བྱས་པའི་མི་གྲངས་དང་ཏང་གི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་མཁན་མངོན་གསལ་པོས་མང་དུ་ཕྱིན་པ་དང་འཕར་ཚད་4.76%དང་105.88%སོ་སོ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།