འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཛེས་སྡུག་ཡིད་འོང་དང་བ་འདྲེན་པའི་ཡུལ། རི་སྔོ་ཆུ་དྭངས་སུམ་རྩེན་གནས་ལ་འགྲན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་02ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    མཛེས་སྡུག་ལྡན་པའི་མི་ཡུལ་གྱི་སྦས་ལུང་མེ་ཏོག་རྫོང་པད་རྫིང་སྤྱི་གླིང་།
    མཛེས་སྡུག་ལྡན་པའི་མི་ཡུལ་གྱི་སྦས་ལུང་མེ་ཏོག་རྫོང་པད་རྫིང་སྤྱི་གླིང་།
         —— ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་རྒྱལ་ཡོངས་ཀྱི་ཁག་དང་པོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་སྐྲུན་མགྱོགས་སུ་བཏང་བ།
         གངས་རི་དང་། གྲོག་རོང་། ནགས་ཚལ། མཚེའུ་བཅས་ཀྱིས་བརྒྱན་པ་དང་། ཁྱད་ཆོས་འབུར་དུ་ཐོན་པའི་ཀོང་པོའི་རིག་གནས་དང་། ངོ་མཚར་རྣམ་པར་བཀྲ་བའི་དམངས་སྲོལ་གྱི་ཉམས་འགྱུར། གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་བཅས་ལས"བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ"ཉིང་ཁྲིའི་ངོ་མཚར་དང"དུས་བཞིའི་འགྱུར་ལྡོག་མངོན་པར་གསལ་ཞིང་ལུང་པ་རེ་རེའི་མཛེས་སྡུག་ཁྱད་དུ་འཕགས་པའི"པར་རིས་ལྟ་བུ་ཞིག་མི་རྣམས་ཀྱི་མཐོང་ལམ་དུ་བཤམས།
         ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཐོན་ཁུངས་བཟང་པོ་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས"ཡུལ་སྐོར་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི"འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། སྣོད་བཅུད་ཡུལ་སྐོར་ཐོན་ལས་མཐོར་གཏོང་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་བཏང་ཁར། ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་རྒྱལ་ཡོངས་ཀྱི་ཁག་དང་པོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བས། གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་ཡུལ་སྐོར་ལས་རིགས་སྐྱོན་བྲལ་དང་། རྒྱུན་མཐུད། མྱུར་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། ཡུལ་སྐོར་གྱི་མི་ཐེངས་དང་ཡོང་འབབ་2010ལོའི་མི་ཁྲི་152དང་སྒོར་དུང་ཕྱུར་11ནས་2015ལོའི་མི་ཁྲི་352དང་སྒོར་དུང་ཕྱུར་33བར་སོ་སོར་འཕར་ནས། ཆ་སྙོམས་ལོ་རེར་18.59%དང་24.67%སོ་སོར་འཕར་བ་རེད།
         འཆར་འགོད་སྔོན་ལ་ལག་ལེན་བསྟར་ནས་གསར་སྤེལ་ལུགས་མཐུན་བྱས་པ།
         ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་རྒྱལ་ཡོངས་ཀྱི་ཁག་དང་པོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད། ཏང་ཨུད་ཀྱིས་མཐོང་ཆེན་དང་སྲིད་གཞུང་གིས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས། རྩ་འཛུགས་ཀྱི་འགན་ལེན་བྱ་ཤུགས་ཆེ་རུ་བཏང་ནས་《ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྔར་བས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》སོགས་སྲིད་ཇུས་ཡིག་ཆ་བཟོས་པ་དང་། དུས་མཚུངས“སྔོན་ལ་འཆར་འགོད་དང་རྗེས་ལ་གསར་སྤེལ་དང་། འགོ་འཛུགས་ས་མཐོ་པོས་བཟོ་འགོད་བྱེད་པ། ཆུ་ཚད་མཐོ་པོས་ལག་ལེན་བསྟར་བ”བཅས་ཀྱི་རྩ་དོན་གཞིར་བཟུང་། ཡུལ་སྐོར་འཆར་འགོད་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། གྲོང་ཁྱེར་རིམ་པའི་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་གཉིས་ཏེ་《ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་》དང་། 《བོད་ལྗོངས་ཉིང་ཁྲིའི་འཛམ་གླིང་སྣོད་བཅུད་ཡུལ་སྐོར་ཁུལ་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》 དེ་བཞིན་རྫོང་(ཆུས)7གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་། 《བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་དང་། ཀོང་པོ་རྒྱ་མདའ། བྲག་ཡིབ་བཅས་རྫོང་(ཆུས)3གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་》སོགས་རྫོང་རིམ་པའི་ཡུལ་སྐོར་འཆར་འགོད་10བཟོས་པས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འཆར་འགོད་མ་ལག་ཅིག་རགས་ཙམ་ཆགས་ནས། བོད་རང་སྐྱོང་ལྗོངས་ཀྱི་སྔོན་ལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་རྫོང་(ཆུས)དང་མཛེས་ལྗོངས་ཁུལ་ཡོངས་ལ་ཁྱབ་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་རེད།
         རྣམ་གྲངས་ཀྱིས་ཡར་སྐུལ་བྱས་ནས་གཞི་ཁྱོན་ཆེ་རུ་བཏང་བ།
         རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་རྒྱལ་ཡོངས་ཀྱི་ཁག་དང་པོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་ནན་ཏན་བྱས་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། གྲོང་ཁྱེར་དེ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཐད་མ་དངུལ་སྒོར་ཁྲི་8115.36བཏང་བའི་ནང་། རྒྱལ་ཁབ་འཕེལ་རྒྱས་ཐེབས་རྩས་དངུལ་སྒོར་ཁྲི་594བཏང་བ་དང་། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་མ་དངུལ་ནས་སྒོར་ཁྲི་5247.66བཏང་བ། ས་ཁུལ་རོགས་སྐྱོར་མ་དངུལ་ནས་སྒོར་ཁྲི་2274བཏང་བ་དང་འབྲེལ། ངེས་གནས་མཐོ་བ་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་རྣམ་གྲངས་གལ་ཆེན་བརྩོན་ལེན་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། རྣམ་གྲངས་ལ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་རྒྱབ་སྐྱོར་བྱ་རྒྱུའི་གཏན་འཁེལ་རགས་ཙམ་བྱས་པ་རེད། དེ་དང་ཆབས་ཅིག སྤྱི་ཚོགས་ཀྱི་མ་དངུལ་མཛེས་ལྗོངས་ཁུལ་གསར་སྤེལ་དང་མགྲོན་ཁང་གསོལ་མགྲོན་ཁང་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་གཏོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། སྤྱི་ཚོགས་ཀྱི་མ་དངུལ་གཏོང་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་ཡོད་པ་དང་། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་གྲོང་རྡལ་ཆུང་ངུ་དང་། བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་རིམ་སྤོར། མེ་ཏོག་རྫོང་གི་མཛེས་ལྗོངས་ཁུལ་སྤྱི་ཡོངས་གསར་སྤེལ། ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བཅས་དང་དེ་བཞིན་ཀོང་པོ་གཞིས་ཀའི་ཨར་ཁང་དང་། ཝུའུ་ཀྲོའུ་རྒྱལ་སྤྱིའི་ཨར་ཁང་ཆེ་མོ་སོགས་རྣམ་གྲངས་གལ་ཆེན་ཁག་གཅིག་བསྐྲུན་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་པ་རེད།
         རིག་གནས་དང་ཡུལ་སྐོར་མཉམ་བསྲེས་ཀྱིས་ནང་དོན་ཟབ་ཏུ་བཏང་བ།
         ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་སྡེ་ཚན་གྱི་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་ཉིང་ཁྲིས་ཀོང་པོའི་རིག་གནས་ཀྱི་ཉིང་བཅུད་ཟམ་མི་ཆད་པར་སྔོག་འདོན་བྱས་ཏེ། ཡུལ་སྐོར་ཁེ་ལས་ལ་ཁྲིད་སྟོན་ཧུར་ཐག་བྱས་ནས་ཀོང་པོའི་རིག་གནས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་བཞིན་ཡོད་དེ། ཕྱོགས་གཅིག་ནས་རིག་གནས་དང་ཡུལ་སྐོར་མཉམ་བསྲེས་གཏིང་ཟབ་བྱ་རྒྱུར་སྐུལ་མ་ཧུར་ཐག་བཏང་སྟེ། རིག་གནས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་གཅིག་བསྡུས་འགྲེམས་སྟོན་ཡག་པོ་བྱེད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཀྱི་བསྟན་དོན་མཚོན་པར་ཤུགས་སྣོན་བརྒྱབ་ནས། ཡུལ་སྐོར་བར་ཉིང་ཁྲིའི“སྣོད་བཅུད་རིག་གནས་ཡུལ་སྐོར་གྱི་ཕྱོགས་བསྡུས་སྒྲིག་གཞིའི”རྒྱབ་ལྗོངས་བསྟན་པ་དང་། ཕྱོགས་གཞན་ཞིག་ནས་རིག་གནས་ཡུལ་སྐོར་ཐོན་རྫས་གསར་གཏོད་ཀྱིས་རིག་གནས་བསམ་བཀོད་ཐོན་ལས་དང་རིག་གནས་ཡུལ་སྐོར་ཚོང་ཟོག་འཕེལ་རྒྱས་བཏང་ནས། ཡུལ་སྐོར་བ་དང་ཡུལ་མིའི་རིག་གནས་འཚོ་བའི་དགོས་མཁོ་བསྐངས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         “རི་སྔོ་ལ་ཆུ་དྭངས་བར་བརྟེན་ནས་མཛེས་པའི་ཉིང་ཁྲི་བསྐྲུན” ཉེ་ཆར་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་ཧྲེན་ཁྲང་གིས“ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་རྒྱལ་ཡོངས་ཀྱི་ཁག་དང་པོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་སྐྲུན་མགྱོགས་སུ་བཏང་བ་དང་སྦྲགས། འབྱུང་འགྱུར‘བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ’འདི་ཉིད་རི་སྔོ་ཞིང་ཆུ་དྭངས་བའི་ལྷ་ཡུལ་ལྟར་གྱི་མཛེས་ལྗོངས་ཁུལ་ཞིག་ཏུ་འགྱུར་ངེས”ཞེས་ཡིད་ཆེས་ཀྱིས་ཁེངས་བཞིན་གསར་འགོད་པར་བཤད།
    སྨན་གླིང་གི་མཛེས་སྡུག་ལྡན་པའི་གྲོང་ཚོར་ཡུལ་སྐོར་བས་ཅི་དགར་རོལ་བཞིན་པ།
    སྨན་གླིང་གི་མཛེས་སྡུག་ལྡན་པའི་གྲོང་ཚོར་ཡུལ་སྐོར་བས་ཅི་དགར་རོལ་བཞིན་པ།
    ལྟ་ན་སྡུག་པའི་ཤང་གྲོང་དང་། མཛེས་སྡུག་ལྡན་པའི་ཞིང་ཁ་ཡིན་པ།
    ལྟ་ན་སྡུག་པའི་ཤང་གྲོང་དང་། མཛེས་སྡུག་ལྡན་པའི་ཞིང་ཁ་ཡིན་པ།
    བརྗིད་ཆགས་འགྱིང་ངེར་གནས་པའི་གནམ་ལྕགས་འབར་བ།
    བརྗིད་ཆགས་འགྱིང་ངེར་གནས་པའི་གནམ་ལྕགས་འབར་བ།
    སྔོ་ཞིང་དྭངས་པའི་ཀོང་པོ་རྒྱ་མདའི་བྲག་གསུམ་མཚོ་ཡིན་པ།
    སྔོ་ཞིང་དྭངས་པའི་ཀོང་པོ་རྒྱ་མདའི་བྲག་གསུམ་མཚོ་ཡིན་པ།
    རྫ་ཡུལ་གྱི་ལང་ཚོ་དར་ལ་བབས་པའི་ཏེང་པའི་གཞོན་ནུ་མ་ཡིན་པ།
    རྫ་ཡུལ་གྱི་ལང་ཚོ་དར་ལ་བབས་པའི་ཏེང་པའི་གཞོན་ནུ་མ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།