འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་རྩ་ཆེའི་རིག་དངོས་ཁྲི་10ལྷག་ཙམ་ལ་གྲངས་གཞི་ཅན་གྱི་ཡིག་ཚགས་བཟོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 08:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་ཕོ་བྲང་པོ་ཏ་ལ་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་ཁག་1305ཡི་གཞུང་ཁོངས་ཚན་པའི་རིག་དངོས་ཉར་ཚགས་བྱ་ཚུལ་ལ་བརྟག་དཔྱད་བྱས་པའི་ནང་། རྩ་ཆེའི་རིག་དངོས་སྣ་ཚོགས་ཁྲི་10ལྷག་ཙམ་ལ་གྲངས་གཞི་ཅན་གྱི་ཡིག་ཚགས་བཟོ་རིང་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་ཐུབ་ཡོད། བོད་རང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས་པར། ཡོངས་བཤེར་ལས་དོན་སྤེལ་ཚུན། བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཐད་གཏོགས་རིག་དངོས་རྟེན་རྫས་བཤམས་མཛོད་ཚན་པ་ནས་ལས་སྒོའི་རྐང་འཛིན་པ་40བདམས་ཏེ་རིག་དངོས་ཡོངས་བཤེར་གྱི་རིག་དངོས་ངོས་འཛིན་མཁས་དབང་མཛོད་བཙུགས་པ་དང་། འགྲོ་གྲོན་སྒོར་ཁྲི་843.5བཏང་བ། རང་སྐྱོང་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཚན་པ་ཁག་1305ལྷག་ཙམ་གྱི་རིག་དངོས་ཉར་ཚགས་བྱ་ཚུལ་ལ་བརྟག་དཔྱད་བྱས་པ། རིག་དངོས་གྲངས་གཞི་114167ཙམ་འཚོལ་བསྡུ་བྱས་པ། ཡིག་ཚགས་105494དྲ་ཞུགས་ཡིག་ཚགས་བཟོས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།