འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལི་རྒྱལ་ཁབ་ཏུ་ས་ཡོམ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་120ལ་འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་25ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱི་ཐ་ལི་རྒྱལ་ཁབ་ཏུ་ས་ཡོམ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་120ལ་འཕར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་24ཉིན་དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཙུང་ལི་ལུན་ཆི་ཡིས་ས་ཡོམ་གནོད་ཐེབས་ཁུལ་ལེ་ཐི་ཞིང་ཆེན་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཐོག་དབྱི་ཐ་ལི་རྒྱལ་ཁབ་ཀྱི་དབུས་རྒྱུད་དུ་བྱུང་བའི་ས་ཡོམ་རིམ་པ་6.0ཁྲོད་ཉུང་མཐར་ཡང་མི་120རྐྱེན་ལམ་དུ་ཤོར་བ་རེད་ཅེས་བརྗོད་པ་རེད།
         ཨན་ཧྲ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། གནོད་སྐྱོན་ཚབས་ཆེ་ཤོས་ཐེབས་པའི་ལེ་ཐི་ཞིང་ཆེན་ཨ་མཱ་ཐི་ལེ་ཆེ་གྲོང་ཁྱེར་དུ་མི་64རྐྱེན་ལམ་དུ་ཤོར་བ་དངོས་སུ་ཁས་ལེན་བྱས་པ་རེད།
         དབྱི་ཐ་ལི་དམངས་འགོག་ཅུས་ཀྱིས་ཐེངས་འདིའི་ས་ཡོམ་ཆེ་ཚད་ནི་2009ལོའི་ལ་ཁུའེ་ལའི་ས་ཡོམ་དང་བསྡུར་ན་དྲག་པོ་ཡོད་པས། གནོད་འཚེ"ཧ་ཅང་ཚབས་ཆེན"བྱུང་བ་རེད། མིག་སྔར་དམངས་འགོག་ཅུས་ཀྱིས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་མྱུར་སྐྱོབ་རུ་ཁག་བརྒྱ་ཕྲག་ལྷག་མཐུན་སྦྱོར་བྱས་ཏེ་མྱུར་སྐྱོབ་ལས་དོན་སྤེལ་བཞིན་ཡོད་ཅེས་བརྗོད་པ་དང་། དམངས་འགོག་ཅུས་ཀྱིས་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་མང་དུ་འགྲོ་སྲིད་ཅེས་བསྟན་པ་རེད།
         ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་24ཉིན་གྱི་ཞོགས་པའི་ཆུ་ཚོད་3དང་སྐར་མ་36ཐོག དབྱི་ཐ་ལའི་དབུས་རྒྱུད་ས་ཁུལ་དུ་ས་ཡོམ་རིམ་པ་6.0བྱུང་བ་དང་། ཡོམ་གནས་ལྟེ་བ་ནི་ཕེ་ལུའུ་ཅ་ཞིང་ཆེན་གྱི་ནོར་ཆ་རུ་ཡིན་ཞིང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་4.2ཡོད་པ་རེད། མིག་སྔར་ས་ཡོམ་བྱུང་ཁུལ་དུ་ད་དུང་ཡོམ་འཕྲོ་སྐབས་རེར་འབྱུང་བཞིན་ཡོད་པ་རེད།
         2009ལོར་དབྱི་ཐ་ལིའི་དབུས་རྒྱུད་ཀྱི་ལ་ཁུའེ་ལ་རུ་ས་ཡོམ་5.9བྱུང་བ་དང་། མི་300ལྷག་ཙམ་རྐྱེན་ལམ་དུ་ཤོར་མྱོང་བ་རེད།
    【1】  【2】  【3】  【4】  【5】
    ༄༅།།དབྱི་ཐ་ལི་རྒྱལ་ཁབ་ཏུ་ས་ཡོམ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་120ལ་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།