འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་ཨ་རིའི་སློབ་ཆེན་ལ་འཇབ་རྒོལ་ཐེབས་ནས་མི་20ལྷག་ཤི་རྨས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་25ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་ཨ་རིའི་སློབ་ཆེན་ལ་འཇབ་རྒོལ་ཐེབས་ནས་མི་20ལྷག་ཤི་རྨས་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་24ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་གྲོང་ཁྱེར་དུ་ཡོད་པའི་ཨ་ཧྥུ་ཀ་ནི་སི་ཐན་ཨ་རིའི་སློབ་ཆེན་དུ་འབར་གས་བྱུང་བ་མ་ཟད་མེ་མདའི་སྒྲའང་གྲགས་པ་རེད། ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་སྲུང་དཔུང་སྡེའི་འཕྲིན་སྤེལ་མི་སྣས་བཤད་པ་ལྟར་ན། འཇབ་རྒོལ་ཁྲོད་དུ་སློབ་མ་1རྐྱེན་ལམ་དུ་ཤོར་བ་དང་མི་20ཡས་མས་ལ་རྨས་སྐྱོན་ཕོག་པ་རེད།
         ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་སྲུང་དཔུང་སྡེའི་འཕྲིན་སྤེལ་མི་སྣས་དོན་རྐྱེན་བྱུང་ཡུལ་དངོས་སུ་གསར་འགོད་པར་འབར་གས་དེ་ནི་ས་གནས་དེ་གའི་དུས་ཚོད་དགོང་མོའི་ཆུ་ཚོད་7དང་སྐར་མ་5ཡས་མས་སུ་བྱུང་བ་ཡིན་ལ་ཉུང་མཐའ་ཡང་དྲག་ཆས་པ་3འཇབ་རྒོལ་ནང་ཞུགས་པ་རེད། དྲག་ཆས་པས་སྔོན་ལ་ཨ་ཧྥུ་ཀ་ནི་སི་ཐན་ཨ་རིའི་སློབ་ཆེན་གྱི་ཕྱི་རོལ་དུ་རང་ལྕེབ་ཚུལ་གྱི་རླངས་འཁོར་འབར་གས་འཇབ་རྒོལ་བྱས་པ་དང་། དེ་ནས་སློབ་གྲྭའི་བདེ་སྲུང་མི་སྣ་དང་སློབ་མ་ཚོར་མེ་མདའ་བརྒྱབ་པ་རེད་ཅེས་བརྗོད།
         འཕྲིན་སྤེལ་མི་སྣ་དེས་འཇབ་རྒོལ་པ་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་སྲུང་དཔུང་སྡེའི་བར་ འཐབ་འཛིང་ཆུ་ཚོད་3ལ་ཉེ་བ་བྱས་ཤིང་། ཐོག་མའི་བརྟག་དཔྱད་བྱས་པ་ལྟར་ན། སློབ་མ་1རྐྱེན་ལམ་དུ་ཤོར་བ་དང་མི་20ལ་ཉེ་བར་རྨས་སྐྱོན་ཕོག་ཡོད་ཅིང། རྨས་སྐྱོན་ཕོག་མཁན་གྱི་ཁྲོད་དུ་བརྙན་ལེན་གསར་འགོད་པ་གཅིག་ཀྱང་ཚུད་ཡོད་པ་རེད། ད་རུང་ཉུང་མཐའ་ཡང་དགེ་སློབ་བཅུ་ལྷག་སློབ་རའི་ནང་ཡོད་པ་རེད།
         ཨ་ཧྥུ་ཀ་ནི་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལ་ཡིས་འཇབ་རྒོལ་དོན་རྐྱེན་འདི་ལ་རྒོལ་གཏམ་བཏང་བ་སྟེ། ཁོང་གིས་ཐུའེ་ཐེ་དྲ་ཚིགས་སུ“ཨ་ཧྥུ་ཀ་ནི་སི་ཐན་ཨ་རིའི་སློབ་ཆེན་ཉམ་ཆུང་ལ་འཇབ་རྒོལ་བྱས་པའི་བྱ་སྤྱོད་ལ་ངས་རྒོལ་གཏམ་གཏོང་གི་ཡིན། སློབ་གྲྭ་དང་། སློབ་ཆེན། ཉེས་མེད་མི་རྣམས་བཅས་ལ་འཇབ་རྒོལ་བྱེད་པ་ནི་དམག་འཁྲུག་གི་བྱས་ཉེས་བསགས་པ་ཡིན་པས་ང་ཚོས་བྱ་སྤྱོད་དེར་བཟོད་སྒོམ་བྱེད་ཐབས་བྲལ”ཞེས་བཤད་པ་རེད། 
         མིག་སྔར་འཇབ་རྒོལ་དོན་རྐྱེན་འདི་བཟོ་མཁན་ཡིན་ཞེས་ཁྱབ་བསྒྲགས་བྱེད་མཁན་རྩ་འཛུགས་གཅིག་ཡང་བྱུང་མེད་པ་རེད། 
    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་ཨ་རིའི་སློབ་ཆེན་ལ་འཇབ་རྒོལ་ཐེབས་ནས་མི་20ལྷག་ཤི་རྨས་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།