འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལིར་ས་ཡོམ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་247ལ་འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་25ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་25ཉིན་དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་སྡེ་ཚན་གྱིས་བསྡོམས་རྩིས་བྱས་གྲངས་གསར་ཤོས་ལ་གཞིགས་ན། དབྱི་ཐ་ལིའིདབུས་རྒྱུད་ས་ཁུལ་དུ་ཚེས་24ཉིན་ས་ཡོམ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་247ལ་འཕར་བ་དང་། མིག་སྔར་ཀྲུང་གོའི་སྤྱི་དམངས་ས་ཡོམ་ཁྲོད་ཤི་རྨས་ཐེབས་པའི་གནས་ཚུལ་ད་དུང་འབྱོར་མེད་པ་རེད།
         ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་24ཉིན་གྱི་ཞོགས་པའི་ཆུ་ཚོད་3དང་སྐར་མ་36(པེ་ཅིང་དུས་ཚོད་ཚེས་24ཉིན་གྱི་ཆུ་ཚོད་9དང་སྐར་མ་36)ཐོག དབྱི་ཐ་ལིའི་དབུས་རྒྱུད་ས་ཁུལ་གྱི་དུ་ས་ཡོམ་རིམ་པ་6.0བྱུང་བ་དང་། ཆུ་ཚོད་གཅིག་གི་རྗེས་སུ། ཉེ་འགྲམ་ས་ཁུལ་དུ་ཡང་བསྐྱར་ས་ཡོམ་རིམ་པ་5.4བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།