འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འབར་མར་ས་ཡོམ་བྱུང་བ་ལས་མི་4ལ་ཤི་རྨས་བྱུང་བ་དང་གནའ་ཤུལ་མཆོད་རྟེན་68ལ་
    གཏོར་སྐྱོན་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་25ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འབར་མ་རྒྱལ་ཁབ་གནམ་གཤིས་དང་ཆུ་དཔྱད་ཅུས་ཀྱིས་ས་གནས་དེ་གའི་དུས་ཚོད་ཉིན་དེའི་ཆུ་ཚོད་17དང་སྐར་མ་4(པེ་ཅིང་གི་ཆུ་ཚོད་18དང་སྐར་མ་34)ཐོག་འབར་མ་དབུས་རྒྱུད་ས་ཁུལ་དུ་ས་ཡོམ་རིམ་པ་6.8བྱུང་བ་དང་། རྒྱལ་ས་ནྱ་ཕི་དབའ་(Naypyidaw)དང་། མན་ཏེ་ལེ་ཞིང་ཆེན། རང་ཀོང་ཞིང་ཆེན་སོགས་ས་ཁུལ་མང་པོར་ཡོམ་ཚོར་བྱུང་བ་རེད། 
         འབར་མའི་སྤྱི་ཚོགས་ཕན་བདེ་དང་རྒུད་སྐྱོབ་བཀོད་སྒྲིག་པུའུ་ཡིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཐེངས་འདིའི་ས་ཡོམ་ཁྲོད་ཤི་རྨས་ཐེབས་པའི་མི་གྲངས་4ལ་(མི་3ཤི་བ་དང་མི་1ལ་རྨས་ཕོག་པ)འཕར་བ་དང་། དེའི་ནང་མ་ཝ་ཞིང་ཆེན་རེན་ཨན་ཆའང་གི་གྲོང་ཚོ་ཞིག་ནས་ཕྲུ་གུ་གཉིས་རྐྱེན་ལམ་དུ་ཤོར་བ་མ་ཟད། མཆོད་རྟེན་68ཙམ་ལ་རིམ་པ་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད་པ་རེད། པར་རིས་འདི་དག་ནི་ཟླ་8ཚེས་24ཉིན་འབར་མ་རྒྱལ་ཁབ་ཀྱི་པ་ཀན་དུ་པར་དུ་བླངས་པའི་ས་ཡོམ་ཁྲོད་གས་ཆག་ཤོར་བའི་མཆོད་རྟེན་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།