འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་ཀྲོའུ་ཡི་མི་རིགས་གྱོན་ཆས་ཁེ་ལས་ཀྱི་ཐོན་རྫས་ཧྲང་ཧའེ་རུ་
    འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཡུན་ནན་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་17ནས་19ཉིན་བར། ཁ་དོག་རྣམ་པར་བཀྲ་བའི་ཡུན་ནན་(རྒྱལ་སྤྱི་)མི་རིགས་གྱོན་ཆས་འགྲན་བསྡུར་རིག་གནས་དུས་ཆེན་(དུས་ཚིགས་)ཧྲང་ཧའེ་རིམ་སྤེལ་བྱེད་སྒོ་དེ་ཧྲང་ཧའེ་ཨེ་ཤེ་ཡ་ཤར་མའི་འགྲེམས་སྟོན་ཁང་དུ་གཟབ་རྒྱས་ངང་སྤེལ་བ་དང་། ཐེངས་འདིའི་བྱེད་སྒོ་ནི་ཡུན་ནན་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་རིག་གནས་ཐོན་ལས་གཞུང་དོན་ཁང་། ཞིང་ཆེན་རིག་གནས་ཐིང་། ཡུན་ནན་སྒྱུ་རྩལ་སློབ་གླིང་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། བྱེད་སྒོའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ། དེས་ཡུན་ནན་ཞིང་ཆེན་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་གང་ལེགས་མཚོན་ཡོད་པ་རེད།
         རིག་གནས་ཐོན་ལས་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བདེ་ཆེན་ཀྲོའུ་ཡི་ཁྱད་ལྡན་རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲོའུ་རིག་གནས་ཐོན་ལས་གཞུང་དོན་ཁང་གིས་བདེ་ཆེན་སུམ་གླིང་རིག་གནས་ཡུལ་སྐོར་འགྲེམས་སྤེལ་ཀུང་སི་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕུན་སུམ་ཚོགས་མི་རིགས་གྱོན་ཆས་ཚད་ཡོད་ཀུང་སི། འཇོལ་རྫོང་ཐར་མོ་བོད་རིགས་སྲོལ་རྒྱུན་ལག་ཤེས་གྱོན་ཆས་རིག་གནས་འགྲེམས་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀུང་སི་གསུམ་གྱིས་བདེ་ཆེན་ཀྲོའུ་རིག་གནས་ཁེ་ལས་ཀྱི་ཚབ་ཞུས་ནས་ཐེངས་འདིའི་མི་རིགས་གྱོན་ཆས་འགྲན་བསྡུར་རིག་གནས་དུས་ཆེན་དུ་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་རེད།
         བྱེད་སྒོ་སྤེལ་རིང་། ཡུན་ནན་ཞིང་ཆེན་གྱི་ཀྲོའུ་དང་གྲོང་ཁྱེར་16གི་མི་རིགས་རས་གོས་སྒྱུ་རྩལ་ཁེ་ལས་45ཡིས་སོ་སོའི་ཐོན་རྫས་འགྲེམས་སྟོན་བྱས་པ་དང་། དེ་དག་ལས་བདེ་ཆེན་ཀྲོའུ་ཡི་ཁེ་ལས་གསུམ་གྱིས་སྤོས་དང་། ཐང་ག བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་སོགས་ཁྱོན་ཐོན་རྫས་བཅུ་ལྷག་ཙམ་འགྲེམས་སྟོན་བྱས་ཤིང་། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་དང་ཕུལ་དུ་བྱུང་བའི་བཟོ་རྩལ་ལ་ཚོང་པ་དང་རྒྱ་ཆེའི་འཛད་སྤྱོད་པའི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད་པ་རེད། འགྲེམས་སྟོན་བྱེད་རིང་ཁེ་ལས་གསུམ་གྱིས་དྲིལ་བསྒྲགས་ལག་དེབ་དང་མིང་བྱང་2000ལྷག་ཙམ་སྤྲད་དེ་སྐུ་མགྲོན་མི་ཐེངས་1500ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད།
         ཐེངས་འདིའི་བྱེད་སྒོར་ཞུགས་པ་བརྒྱུད་བདེ་ཆེན་ཀྲོའུ་ཡི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་མངོན་ནས“སེམས་ཀྱི་ཉི་ཟླའི”སྤུས་རྟགས་གཟུགས་བརྙན་སྔར་བས་ལེགས་སུ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།