འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འཛུགས་སྐྲུན་དངུལ་ཁང་ཆི་ལི་ཡན་ལག་དངུལ་ཁང་ལས་འགོ་ཚུགས་ནས་མི་དམངས་
    ཤོག་སྒོར་ཞིབ་རྩིས་ལྟེ་གནས་སྤྱོད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ཆི་ལི་ཡན་ལག་དངུལ་ཁང་གིས་ཉིན་ཤས་གོང་ལས་གཉེར་བྱས་པ་དང་ཆི་ལིའི་མི་དམངས་ཤོག་སྒོར་ཞིབ་རྩིས་ལྟེ་གནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་གཉེར་བས་ཆི་ལིར་བཙུགས་པའི་ཀྲུང་གོའི་མ་འཇོག་དངུལ་ཁང་དང་པོར་གྱུར།
         ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་ལྟ་ཞིབ་དཔོན་ཀུའོ་ཡོའུ་ཡིས་ཆི་ལི་ནི་འཛུགས་སྐྲུན་དངུལ་ཁང་གིས་ཕྱི་རྒྱལ་དུ་ལས་སྒོ་རྒྱ་སྐྱེད་བྱས་པའི་དམིགས་ཚད་གལ་ཆེན་གྱི་ཁྲོམ་རའི་གྲས་ཤིག་ཡིན་པ་དང་། ཆི་ལི་ཡན་ལག་དངུལ་ཁང་བཙུགས་པ་ནི་འཛུགས་སྐྲུན་དངུལ་ཁང་གིས་རྒྱལ་སྤྱི་ཅན་དུ་ཕྱོགས་སྒྱུར་བྱེད་པ་དང་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་དྲ་རྒྱ་ཁྱབ་འགྱེད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེས་གླིང་ཆེན་ཨ་མེ་རི་ཁ་ལྷོ་མར་འཛུགས་སྐྲུན་དངུལ་ཁང་གི་དྲ་རྒྱ་ཁྱབ་ཚད་དང་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཀྲུང་གོ་དང་ཆི་ལི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་དང་དངུལ་རྩ་མཉམ་ལས་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།