འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ས་མཐོའི་སྣོད་བཅུད་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གངས་ལྗོངས་ཀྱི་མགོ་ལོག མཁའ་དབྱིངས་ཀྱི་ཡུལ་ཤུལ། འཁྲུལ་སྣང་གི་མཚོ་སྔོན་པོ་བཅས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མཚོ་སྔོན་གྱི་སྣོད་བཅུད་ཡུལ་སྐོར་དུས་ཆེན་ཉིན་ཤས་གོང་འགོ་ཚུགས་ནས་ཡུལ་སྐོར་བར་རང་བྱུང་མཛེས་ལྗོངས་མྱོང་རོལ་ཐུབ་པ་བྱས་པ་རེད།
         མཚོ་བོད་ས་མཐོ་དང་ས་སེར་ས་མཐོའི་བར་བརྒལ་ཁུལ་དུ་གནས་པའི་མཚོ་སྔོན་པོའི་ས་ཁོངས་སུ་པེ་ཧྲན་དང་། ཁམས་ར། ཁྱུང་རྒྱལ་སོགས་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཡོད་ལ་མཚོ་སྔོན་པོའི་འདབ་ཆགས་གླིང་དང་ཙོང་ཉ་ཕྱིར་རྒྱུ་བ་སོགས་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཡོད། དབྱར་དུས་སུ་མཚོ་སྔོན་ས་གནས་ཁག་གི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་རྫོགས་རྒྱུ་མེད། ཟི་ལིང་སྣོད་བཅུད་གླིང་དུ་ཡུལ་སྐོར་བྱེད་བཞིན་པའི་ཀན་སུའུ་ཆིན་དབྱང་གི་ཡུལ་སྐོར་བ་ཡའོ་ལེའང་ཉིང་གིས“འདི་གའི་ཁོར་ཡུག་གྲོང་ཁྱེར་དང་ཁྱད་པར་ཆེན་པོ་འདུག ནང་མི་དང་མཉམ་དུ་རང་བྱུང་ཁམས་ཀྱི་མཛེས་ཉམས་མྱོང་རོལ་བྱས་ན་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྣོད་བཅུད་ཡུལ་སྐོར་དུས་ཆེན་རིང་མཚོ་སྔོན་པོའི་ལྷ་མོའི་གླིང་མཛེས་ལྗོངས་ཁུལ་དང་། སྟོང་སྐོར་གནའ་གྲོང་། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་རྟེན་རྫས་བཤམས་མཛོད་ཁང་སོགས་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྒོ་འཛིན་རིན་གོང་ཁེ་པོས་འཚོང་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བ་སྔར་བས་མང་བ་ཡོང་རྒྱུའི་ཡིད་དབང་འགུག་ཐབས་བྱས་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཞུས་ཧའོ་ཡིས་ཧེ་བག་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ་ཞན་ཆ་ལེགས་ཆར་འགྱུར་བ་བྱེད་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་ནི་མཚོ་སྔོན་གྱི་ཡུལ་སྐོར་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་བྱེད་པའི་ཐབས་ལམ་བཟང་པོ་ཞིག་རེད་ཅེས་བཤད།
         མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་རིམ་རྩིས་བྱས་ན་མཚོ་སྔོན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་637.63ལ་སྣེ་ལེན་ཞུས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།