འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་དུ་ཨོ་རྩལ་འགྲན་ཚོགས་གཉེར་གྲབས་ཡོད་པས་མདེའུ་འགོག་རླངས་འཁོར་
    གླ་མཁན་མང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། པར་ཙིར་གྱི་ཚགས་པར་ཆེ་ཤོས་《ཧྲེང་པའོ་ལུའོ་ཚགས་པར་》དུ་ཚེས་20ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་ཉིན་མོ་འཆར་ལ་ཉེ་བ་དང་སྦྲགས། ལི་གཡོད་རེ་ནེ་ལུའུ་རུ་མགྲོན་ཁང་གི་རིན་གོང་མཐོ་རུ་ཕྱིན་པ་མ་ཟད། རླངས་འཁོར་བོགས་གཏོང་ཁྲོམ་རར་རིན་གོང་མཐོ་ཤོས་ཡིན་པའི་མདེའུ་འགོག་རླངས་འཁོར་ཀྱང་གླ་མཁན་ཧ་ཅང་མང་པོ་ཡོད་པ་རེད།
         པར་ཙིར་གྱི་རླངས་འཁོར་བོགས་གཏོང་ཀུང་སི་ཆེ་ཤོས་ལོ་ཁ་ལི་སའི་བྲིན་ཚོང་སྤྱི་ཁྱབ་ལྟ་ཞིབ་པ་ཨེར་ཝེ་ཐེ·ཝུའེ་ཡ་སྣས་ཀུང་སིའི་ཁོངས་གཏོགས་ཀྱི་མདེའུ་འགོག་རླངས་འཁོར་ཚང་མ་སྔོན་ནས་མངགས་ཏེ་ལྷག་མེད། རླངས་འཁོར་གྱི་བཟོ་རྟགས་གཞིར་བཟུང་ཉིན་རེར་བོགས་གླ་ལེ་ཡར་800ནས་7000བར་(མི་དམངས་ཤོག་སྒོར་1550ནས་ཁྲི་1.35བར་)རེད་ཅེས་བཤད།
         ཝུའེ་ཡ་སྣས“དེའི་ཐད་ང་ཚོས་ས་ཆ་གཞན་ནས་མདེའུ་འགོག་རླངས་འཁོར་ཁག་གཅིག་བོགས་མར་བླངས་པ་མ་ཟད། ཁ་ལོ་བའང་བསྡུས་ཡོད། ཡིན་ནའང་ང་ཚོས་སྐུ་མགྲོན་ཚང་མའི་དགོས་མཁོ་སྐོང་ཐབས་བྲལ་སོང”ཞེས་བཤད།
         ཨོ་རྩལ་འགྲན་ཚོགས་ལས་བྱུང་བའི་ཚོང་ལས་གོ་སྐབས་མཐོང་སྐབས། ས་ཆ་གཞན་གྱི་རླངས་འཁོར་བོགས་གཏོང་ཀུང་སིས་ཀྱང་ཁྲོམ་ར་བཟུང་བར་སླེབས་ཡོད། ཁྲོམ་རའི་མི་སྣ་ཁག་གཅིག་གིས་ཨོ་རྩལ་འགྲན་ཚོགས་གཉེར་གྲབས་ཡོད་པ་དང་སྦྲགས། མདེའུ་འགོག་རླངས་འཁོར་གྱི་བོགས་གླ་མུ་མཐུད་འཕར་སྲིད་པའི་སྔོན་དཔག་བྱས་པ་རེད།
         པར་ཙིར་གྱི་དབང་གྲགས་སྒྲིག་གཞི་ཞིག་གིས་ན་ནིང་སྙན་ཞུ་སྤེལ་བའི་ནང་བདེ་འཇགས་གནས་ཚུལ་ཡག་པོ་མེད་པའི་རྐྱེན་གྱིས། ཉེ་བའི་ལོ་10ཡི་རིང་པར་ཙིར་དུ་མདེའུ་འགོག་རླངས་འཁོར་གྱི་གྲངས་འབོར་མང་དུ་ཆེས་ཆེར་སོང་ནས། མོ་ཞི་ཁོ་དང་ཁོ་ལོམ་པི་ཡ་སོགས་རྒྱལ་ཁབ་ལས་བརྒལ་ཏེ་གོ་ལ་ཧྲིལ་པོར་མདེའུ་འགོག་རླངས་འཁོར་དབང་ཚད་མང་ཤོས་ཀྱི་རྒྱལ་ཁབ་ལ་གྱུར་ཡོད་ཅེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།