འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་སི་ཁྲོན་དཀར་མཛེས་ཀྲོའུ་ཡི་གནམ་ཐང་ཆེན་པོ་གཉིས་ལ་འགྲུལ་པ་ཧ་
    ཅང་མང་དུ་སོང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2015ལོའི་ཟླ་6ཚེས་24ཉིན་དར་རྩེ་མདོ་དང་འདབ་པའི་ཉི་རྟེན་གནམ་ཐང་གཉིས་ཀྱིས་ཧང་ཀྲོའུ་དང་། ཁུན་མིང་། ལྷ་ས། ཁྲུང་ཆིང་བཅས་གྲོང་ཁྱེར་4ལ་འགྲོ་འོང་བྱེད་པའི་ལམ་ཐིག་7ཉིན་གཅིག་ལ་ཤར་གཏོང་བྱས་པ་དང་འབྲེལ། དར་རྩེ་མདོ་དང་འདབ་པའི་དམངས་སྤྱོད་གནམ་ཐང་དབར་འགྲོ་འོང་ཐུབ་ནས་ད་བར་ལོ་གཅིག་ཟིན་གྱི་ཡོད། དེ་ལས་གནམ་གྲུ་འཕུར་ཐེངས་དང་འགྲུལ་པ་ཆེས་ཆེར་མང་དུ་ཕྱིན་པ་མ་ཟད། དར་རྩེ་མདོ་གནམ་ཐང་དུ་འདི་ལོའི་ཟླ་4ཚེས་27ཉིན་དངོས་སུ་ཟོག་འདྲེན་ལས་སྒོ་གཉེར་ནས་དཀར་མཛེས་ཀྲོའུ་ཁོངས་སུ་ད་ལྟ་འཁོར་རྒྱུག་བྱེད་བཞིན་པའི་གནམ་ཐང་ཆེན་པོ་གཉིས་ལ་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་གྱི་ལས་སྒོ་གཉེར་བཞིན་ཡོད། ལྷག་པར་དུ་འདི་ལོའི་ལོ་སྟོད་ཀྱི་་ཉི་རྟེན་གནམ་ཐང་གི་དངོས་ཟོག་འདྲེན་ཚད་ལ་བལྟས་ན། མཁའ་ཐོག་ཟོག་འདྲེན་ལས་སྒོ་དེ་དཀར་མཛེས་ཀྲོའུ་ཟོག་འདྲེན་ལས་རིགས་ཀྱི་ཐབས་ལམ་གཙོ་བོའི་གྲས་སུ་རིམ་བཞིན་གྱུར་ཡོད།
         བསྡོམས་རྩིས་བྱས་པར་གཞིགས་ན། དར་རྩེ་མདོ་གནམ་ཐང་གིས་འདི་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་གནམ་གྲུ་ཐེངས་གྲངས་698བཏང་བ་དེ་དུས་མཚུངས་ལས་114.1%འཕར་བ་དང་། འགྲུལ་པ་48878སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་114.1%འཕར་བ། འདབ་པའི་ཉི་རྟེན་གནམ་ཐང་གིས་ཟླ་བ་དང་པོ་ནས་དྲུག་པའི་བར་གནམ་གྲུ་ཐེངས་གྲངས་802བཏང་བ་དེ་དུས་མཚུངས་ལས་48.5%འཕར་བ། འགྲུལ་པ་68968སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་25.2%འཕར་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་འདབ་པའི་ཉི་རྟེན་གནམ་ཐང་དུ་དངོས་ཟོག་འབྱོར་ཚད་ཆེས་ཆེར་འཕར་བའི་ནང་གཙོ་བོ་ཁྲེང་ཏུའུ་སོགས་ས་ཁུལ་ནས་དབོར་བའི་ཤིང་ཏོག་སོས་པ་དང་། ཉ་རིགས། སིལ་ཟས། ཞོར་ཟས་སོགས་རེད། དངོས་ཟོག་མང་ཆེ་བ་འདབ་པ་དང་དེའི་ཉེ་འཁོར་ས་ཁུལ་གྱི་ཚོང་པའི་ས་ནས་འཐེན་གྱི་ཡོད། མཁའ་ཐོག་སྐྱེལ་འདྲེན་དེ་སྐམ་སའི་སྐྱེལ་འདྲེན་ལས་ལམ་ཐག་ཐུང་བ་དང་འཁྲུག་ཉུང་སྟབས་དངོས་ཟོག་རུལ་བ་དང་ཤི་བའི་གྱོང་གུན་ཕོག་ཚད་ཆུང་བ་དང་། སྐྱེལ་འདྲེན་ལས་ཕྱོད་ཆེ་བ། ཚོང་པའི་དཔལ་འབྱོར་ཁེ་ཕན་འགན་ལེན་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།