འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དྲ་སྦྲེལ་ཚད་བརྒལ་ལྗིད་འཁོར་གྱི་གོ་ལ་ཧྲིལ་པོའི་གསར་གཏོད་མནའ་འབྲེལ་
    འཛུགས་པའི་མཛད་སྒོ་ཨ་ཐེན་སིར་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་ཀྲུང་གོའི་དྲ་སྦྲེལ་ཚད་བརྒལ་ལྗིད་འཁོར་གྱི་གོ་ལ་ཧྲིལ་པོའི་གསར་གཏོད་མནའ་འབྲེལ་འཛུགས་པ་དང་པེ་ཅིང་ཧྥུའུ་ཐན་ཨའུ་མན་ESTཚད་བརྒལ་ལྗིད་འཁོར་གྱི་ཡོངས་བསྒྲགས་མཛད་སྒོ་ཀེ་རི་སེའི་རྒྱལ་ས་ཨ་ཐེན་སིར་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་ཅིན་ལུང་སོགས་མཛད་སྒོར་ཕེབས་ཡོད་པ་རེད།
         པེ་ཅིང་ཧྥུའུ་ཐན་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཅིན་ཡུས་ཀྱིས་ཤིས་ཚིག་སྒྲོན་སྐབས། ཧྥུའུ་ཐན་དྲ་སྦྲེལ་ཚད་བརྒལ་ལྗིད་འཁོར་ནི་ལྗང་མདོག་རིག་ནུས་དང་ཁོར་ཡུག་སྲུང་སྐྱོང་ནུས་ཆེའི་རླངས་འཁོར་ཞིག་ཡིན་པ་མ་ཟད། ད་དུང་འབྱུང་འགྱུར་ལ་ཕྱོགས་པའི་རིག་ལྡན་ཟོག་འགྲེམས་མ་ལག་གཅིག་ཀྱང་རེད་ཅེས་བཤད།
         དེ་ཉིན་པེ་ཅིང་ཧྥུའུ་ཐན་གྱིས་ཡོངས་བསྒྲགས་བྱས་པའི་ཨའུ་མན་ESTཚད་བརྒལ་ལྗིད་འཁོར་དེ“ལྗང་མདོག་ལྗིད་འཁོར”དང“རླངས་འཁོར་དྲ་སྦྲེལ”གྱིས་ནང་དོན་གཙོ་བོར་བྱས་ཏེ་རྒྱུན་གཏན་གྱི་ནུས་ཆེའི་སྒུལ་ཤུགས་དང་། སྒུལ་ཤུགས་མཉམ་འདྲེས། ནུས་ཆེའི་AMT རམ་འདེགས་འཁོར་གཏོང་མ་ལག རླངས་འཁོར་རུ་ཁག་དོ་དམ། ཟོག་འགེལ་སྙོམ་སྒྲིག་སོགས་སྔོན་ཐོན་ལག་རྩལ་དགུས་འདེགས་སྐྱོར་བྱས་པའི་ལྗིད་འཁོར་ཞིག་ཡིན་པ་དང་དེའི་མཐར་ཐུག་གི་དམིགས་ཡུལ་ནི་མི་མེད་རང་འགུལ་ངང་འཁོར་གཏོང་བྱེད་ཐུབ་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།