འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སིང་ཀ་ཕོར་གྱིས་མི་དམངས་ཤོག་སྒོར་གྱི་དངུལ་རྩའི་མ་འཇོག་དེ་གཞུང་ཕྱོགས་ཀྱི་ཕྱི་
    དངུལ་གསོག་འཇོག་བྱེད་ཁོངས་སུ་འཇུག་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སིང་ཀ་ཕོར་དངུལ་ལོར་དོ་དམ་ཅུས་ཀྱིས་ཚེས་22ཉིན་འདི་ལོའི་ཟླ་དྲུག་པ་ནས་བཟུང་མི་དམངས་ཤོག་སྒོར་གྱི་དངུལ་རྩའི་མ་འཇོག་དེ་སིང་ཀ་ཕོར་གཞུང་ཕྱོགས་ཀྱི་ཕྱི་དངུལ་གསོག་འཇོག་བྱེད་ཁོངས་སུ་འཇུག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
         དངུལ་ལོར་དོ་དམ་ཅུས་ཀྱིས་ཉིན་དེར་སྤེལ་བའི་སྤྱི་བསྒྲགས་ནང་དུ། བྱེད་ཐབས་འདི་ནི་ཀྲུང་གོའི་དངུལ་རྩའི་ཁྲོམ་ར་འཕེལ་རྒྱས་ཕྱིན་པ་ཁས་བླངས་པ་ཞིག་ཡིན་ལ། འདིའི་ཐོག་ནས་སྒྲིག་གཞིའི་མ་འཇོག་མཁན་གྱིས་དེའི་གོ་ལ་ཧྲིལ་པོའི་མ་འཇོག་ཚན་སྡེབ་ཁྲོད་མི་དམངས་ཤོག་སྒོར་གྱི་མ་རྩ་དང་བླངས་བྱེད་ཚད་ཉིན་ལྟར་མཐོ་རུ་འགྲོ་བ་ཡང་མཚོན་ཐུབ་ཅེས་འཁོད་ཡོད་པ་རེད།
         སྤྱི་བསྒྲགས་ནང་དུ། དངུལ་ལོར་དོ་དམ་ཅུས་ཀྱིས་2012ལོ་ནས་བཟུང་ཀྲུང་གོའི་ཚད་གཞི་ལོན་པའི་རྒྱལ་ཕྱིའི་སྒྲིག་གཞིའི་མ་འཇོག་མཁན་དང་དེ་བཞིན་དངུལ་ཁང་དབར་གྱི་བུན་འཛིན་ཁྲོམ་རའི་འཆར་གཞི་བརྒྱུད་མི་དམངས་ཤོག་སྒོར་གྱི་དངུལ་རྩའི་མ་འཇོག་བྱས་པ་དང་། མ་འཇོག་དེ་གས་དངུལ་ལོར་དོ་དམ་ཅུས་ཀྱི་མ་འཇོག་མཉམ་སྡེབ་སྔར་བས་སྣ་མང་ཅན་དུ་བཏང་ཡོད། མ་འཇོག་དེ་དག་ནི་དངུལ་ལོར་དོ་དམ་ཅུས་ཀྱི་རྒྱལ་ཕྱིའི་མ་དངུལ་གྱི་ཆ་ཤས་ཤིག་ཡིན་ན་ཡང་སྔོན་ཆད་སིང་ཀ་ཕོར་གཞུང་ཕྱོགས་ཀྱི་ཕྱི་དངུལ་གསོག་འཇོག་བྱེད་ཁོངས་སུ་འཇུག་མྱོང་མེད་ཅེས་འཁོད་ཡོད་པ་རེད།
         སིང་ཀ་ཕོར་གྱི་དངུལ་ལོར་དོ་དམ་ཅུས་ཀྱི་ཅུས་ཀྲང་ལུའོ་ཧུའེ་ཡན་གྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་དམངས་ཤོག་སྒོར་ཁས་ལེན་བྱེད་ཚད་ཉིན་ལྟར་ཆེ་རུ་འགྲོ་གི་ཡོད་པས། མི་དམངས་ཤོག་སྒོར་གྱི་དངུལ་རྩའི་མ་འཇོག་དེ་སིང་ཀ་ཕོར་གཞུང་ཕྱོགས་ཀྱི་ཕྱི་དངུལ་གསོག་འཇོག་བྱེད་ཁོངས་སུ་བཅུག་པ་འདི་ནི་དུས་བབ་དང་ཧ་ཅང་མཐུན་པའི་བྱེད་ཐབས་ཤིག་ཡིན་ཞེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།