འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་དགུན་གྲོ་མུའུ་དུང་ཕྱུར་3.2བསྡུས་ཟིན་པ། 

    དབྱར་ཟླ་གསུམ་རིང་ས་ཁུལ་བརྒལ་ནས་དགུན་གྲོ་འཕྲུལ་བསྡུ་སྤྱིར་མཇུག་བསྒྲིལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཞིང་ལས་པུའུ་ནས་ཤེས་རྟོགས་བྱུང་གསལ། མིག་སྔར་རྒྱལ་ཡོངས་སུ་དགུན་གྲོ་མུའུ་དུང་ཕྱུར་3.2བསྡུས་ཟིན་པ་དེ་བསྡུ་དགོས་ངེས་ཀྱི་རྒྱ་ཁྱོན་ལས་95%བརྒལ་བ་དེ་ཐོག་ནས་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་དབྱར་ཟླ་གསུམ་རིང་དགུན་གྲོ་ས་ཁུལ་བརྒལ་ནས་འཕྲུལ་བསྡུ་བྱ་རྒྱུ་སྤྱིར་མཇུག་སྒྲིལ་བ་མཚོན་ཡོད། འདི་ལོ་རྒྱལ་ཡོངས་སུ་དབྱར་ཟླ་གསུམ་རིང་དགུན་གྲོ་ས་ཁུལ་བརྒལ་ནས་འཕྲུལ་བསྡུ་བྱ་རྒྱུ་དེ་ཟླ་5ཚེས་26ཉིན་ཅང་ཧོའེ་དང་ཧོང་ཧོའེ་གཙོ་གནད་ཐོན་ཁུལ་ནས་འགོ་ཚུགས་པ་དང་། ཟླ་6ཚེས་19ཉིན་སྤྱིར་མཇུག་སྒྲིལ་ནས་དུས་ཡུན་ཉིན་25འགོར་བ་དེ་ན་ནིང་ལས་ཉིན་1གི་སྔོན་དུ་ལེགས་གྲུབ་ཟིན་ཡོད།
         འདི་ལོའི་དབྱར་ཟླ་གསུམ་རིང་རྒྱལ་ཡོངས་སུ་གྲོ་བརྔ་བའི་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་60ཟིན་པ་དེ་དུས་མཚུངས་ལས་ཁྲི་4ཡི་མང་བ་ཡོད། འདི་ལོ་གསར་སྣོན་བྱས་པའི་འབྲས་གྲོ་མཉམ་འབྲེལ་གྱི་བརྔ་བསྡུའི་འཕྲུལ་འཁོར་མང་ཆེ་བར་ཤོང་ཚད་སྐར་ཆ་རེར་སྤྱི་རྒྱ་7ཡན་ཟིན་པས་འཕྲུལ་བསྡུ་བྱེད་ཚད་ཆེ་རུ་ཕྱིན་ཡོད། དབྱར་ཟླ་གསུམ་རིང་གི་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་གནམ་གཤིས་ཀྱི་ཆ་རྐྱེན་ལ་དམིགས་ཏེ་ཞིང་ལས་པུའུ་ཡིས་ཀྲུང་དབྱང་གནམ་གཤིས་ལས་ཁུངས་དང་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་གྲོ་བསྡུ་བའི་སྐབས་ཀྱི་གནམ་གཤིས་སྔོན་བརྡ་ཡོངས་བསྒྲགས་བྱས་ཏེ་ས་ཁུལ་ལ་དུས་ཐོག་ཏུ་འཕྲུལ་འཁོར་སྒྲིག་འཛུགས་བྱས་ནས་ལོ་ཏོག་མྱུར་བསྡུ་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད། དབྱར་ཟླ་གསུམ་རིང་ས་ཁུལ་བརྒལ་བའི་ལས་སྒྲུབ་འགན་ལེན་ཡོང་ཆེད་ཞིང་ཆེན་ཁག་གི་ཞིང་འཕྲུལ་ཅན་གཙོ་གནད་དོ་དམ་སྡེ་ཚན་གྱིས་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་མཉམ་དུ་རིན་མེད་ངང་《ས་ཁུལ་བརྒལ་བའི་ལས་སྒྲུབ་ལག་ཁྱེར་》ཁྲི་36སྤྲད་པ་དང་། ལག་ཁྱེར་ཡོད་པའི་འཕྲུལ་འཁོར་གྱིས་རླངས་འཁོར་ཤར་བགྲོད་གྲོན་དངུལ་སྤྲོད་མི་དགོས་པ་དང་། ས་ཁུལ་ཁག་གི་ཞིང་འཕྲུལ་སྡེ་ཚན་གྱིས་འཕྲུལ་ཆས་ཀྱི་དགོས་མཁོ་དང་། བརྔ་བསྡུའི་ལས་ཆོད། ལས་ཀའི་རིན་གོང་། གནམ་གཤིས་འགྱུར་ལྡོག་སོགས་ཆ་འཕྲིན་དུས་ཐོག་ཏུ་འཚོལ་བསྡུ་བྱས་པ་དང་སྦྲགས། “རྒྱལ་ཡོངས་ཞིང་འཕྲུལ་ཅན་གྱི་ཐོན་སྐྱེད་ཆ་འཕྲིན་ཞབས་ཞུའི་ལས་སྟེགས”སོགས་བརྒྱུད་རིན་མེད་ངང་ཁྱབ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།