འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་དྲ་ཐོག་རྩལ་འགྲན་འདུ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་བརྙན་གཏོང་སྟེགས་བུ་
    གཙོ་བོ་གཏན་ལ་ཕབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྐབས་དང་པོའི་འཛམ་གླིང་དྲ་ཐོག་རྩལ་འགྲན་འདུ་ཚོགས་(WESG)གོ་ལ་ཧྲིལ་པོའི་གཞུང་ཕྱོགས་བརྙན་གཏོང་སྟེགས་བུ་གཙོ་བོ་གཏན་ལ་ཕབ་པ་དང་ཨ་ལི་ལུས་རྩལ་གྱིས་ཚེས་20ཉིན་ཀྲུང་གོའི་དྲ་ཐོག་རྩལ་འགྲན་གྱི་ནང་དོན་བཟོ་མཁན་Imba TVཡིས་སྒོར་ཁྲི་3500བཏང་བས་འགྲན་བསྡུར་དེའི་གོ་ལ་ཧྲིལ་པོའི་གཞུང་ཕྱོགས་བརྙན་གཏོང་སྟེགས་བུ་གཙོ་བོའི་ཁེ་དབང་ཉོས་པ་དང་ཆབས་ཅིག་ཨ་ལི་ལུས་རྩལ་ལ་སྔར་བཞིན་འགྲན་བསྡུར་དེའི་པར་དབང་ཕྱིར་ཚོང་གི་ཁེ་དབང་ལྡན་པའི་ཁྱབ་བསྒྲགས་བྱས་པ་རེད།
         ད་ཐེངས་ཨ་ལི་ལུས་རྩལ་གྱིས་WESGཡི་གོ་ལ་ཧྲིལ་པོའི་བརྙན་གཏོང་སྟེགས་བུ་གཙོ་བོ་སྤྱོད་དབང་Imba TVལ་སྤྲད་པ་ལས་རྒྱལ་སྤྱིའི་རང་བཞིན་གྱི་དྲ་ཐོག་རྩལ་འགྲན་འགྲན་བསྡུར་དེ་ལྟད་མོ་བའི་སྤུས་ཚད་མཐོ་བའི་ནང་དོན་གྱི་དགོས་མཁོ་སྐོང་བ་དང་ཚོང་ལས་འཁོར་རྒྱུག་རྣམ་པ་ཡག་པོ་ལྡན་པའི་སྲོལ་རྒྱུན་ལུས་རྩལ་ཐོན་ལས་ཕྱོགས་སུ་སྐྱོད་བཞིན་པ་མཚོན་ཐུབ། ཨ་ལི་ལུས་རྩལ་གྱིས་དྲ་ཐོག་རྩལ་འགྲན་འགྲན་བསྡུར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བཏང་བ་དེས་འདི་ལོའི་WESGཡི་འབོད་ཚིག་A New Era(དུས་རབས་གསར་པ་ཞིག)དེ་ར་སྤྲོད་ཐུབ་ཡོད་པ་རེད།
         འཛམ་གླིང་དྲ་ཐོག་རྩལ་འགྲན་འདུ་ཚོགས་(WESG)དེ་ནི་ཨ་ལི་ཡི་ལུས་རྩལ་གཅིག་པུས་བཏོད་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།