འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ནུས་རྒྱུ་དང་རྒྱུ་ཆ་གསར་པ"མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི"བཀྲག་
    མདངས་འཚེར་སར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་གྱི་སྔ་དྲོ། སྐབས་བཅུ་བདུན་པའི་ཀྲུང་གོ·མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཟི་ལིང་དུ་འགོ་ཚུགས་པ་དང་། ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་གསར་དར་ལྗང་མདོག་ཐོན་ལས་སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་བཀྲག་མདངས་འཚེར་སར་གྱུར་ཡོད།
         མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ཧའོ་ཕུང་གིས་འགོ་ཚུགས་མཛད་སྒོའི་ཐོག་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ལོ་17ལྷག་ཙམ་འཚོགས་མྱོང་བ་དང་། དེའི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ལོ་རེ་བཞིན་ཆེ་རུ་ཕྱིན་པས། ལས་ཉིན་རེ་མ་འདས་པར་མཚོ་སྔོན་དྲིལ་བསྒྲགས་འོས་སྦྱོར་བྱེད་པའི་དམིགས་བསལ་ཁྱད་ལྡན་ལེགས་ཆ་དང་། སྔོན་ཐོན་ཐོན་ལས་ལ་མ་འཇོག་བྱེད་པར་སྣེ་འདྲེན། གསར་གཏོད་ལས་གཏོད་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་བཅས་ལ་གྱུར་ཡོད་ཅེས་གསུངས་པ་རེད།
         སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག“སྒོ་དབྱེ་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས”མུ་མཐུད་བརྗོད་དོན་གཙོ་བོར་བྱས་ཏེ། ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་གསར་དར་ལྗང་མདོག་ཐོན་ལས་དང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། རིག་གནས་ཡུལ་སྐོར་སོགས་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྣང་ཆེན་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཁང་ནང་འགྲེམས་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་52000ཡོད་ཅིང་། “རྒྱུད་གཅིག་ལམ་གཅིག”གི་ཕྱོགས་བསྡུས་འགྲེམས་ཁང་དང་། ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་འགྲེམས་ཁང་། སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་འགྲེམས་ཁང་། ཁྱད་ལྡན་ཐོན་ལས་ཀྱི་ཆེད་དོན་འགྲེམས་ཁང་། སྤུས་དག་ཚོང་ཟོག་ཚོང་དོན་འགྲེམས་ཁང་བཅས་ཆེད་ལས་འགྲེམས་ཁང་5བཙུགས་ཡོད།
         འགྲེམས་ཚོགས་ཐོག་སྨི་ངོས་གྲུ་4900ཡི་ཁྱད་ལྡན་འགྲེམས་སྟོན་ཁུལ་བཙུགས་པའི་ནང“གསར་ཤོས་དང་། ཡག་ཤོས། མཛེས་ཤོག”དང“ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ”ཡི་གསར་དར་ཐོན་ལས་གཉིས་མངོན་གསལ་དོད་པའི་ཁར། འགྲེམས་རྫས་གྲས་སུ་ལིས་གློག་གི་ཐོན་ལས་སྦྲེལ་ཐག་ཆ་ཚང་དང་། འོད་ཤུགས་ཚ་འོད་ཐོན་ལས། རྩེར་སོན་སྒྲིག་ཆས་གསར་བཟོའི་ལས་རིགས། རྫས་འགྱུར་བཟོ་ལས། མདོག་ལྡན་སོགས་འཁོར་རྒྱུག་ཐོན་ལས་ཀྱི་རྩེར་སོན་སྤུས་ལེགས་ཀྱི་ཐོན་རྫས་གསར་པའི་དངོས་དཔེ་དང་འདྲ་དཔེ་སོགས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་མིང་རྟགས་འགོད་རྩིས་ཡོད་པའི་རྣམ་གྲངས་407གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་1725.74ཟིན་གྱི་ཡོད། དེའི་ནང་སྒོར་དུང་ཕྱུར་ཆིག་སྟོང་ཟིན་པའི་ལིས་གློག་ཐོན་ལས་གཏོད་རྒྱུར་དམིགས་ཏེ་པི་ཡ་ཏི་དང་ཧྭ་ཐའེ་རྟགས་ཅན་གྱི་རླངས་འཁོར་དང་ཅན་ཧུའེ་མེ་ཟོན་སོགས་སྒོར་དུང་ཕྱུར་བརྒྱ་ཙམ་ཟིན་པའི་རྣམ་གྲངས་3ནང་འདྲེན་བྱས་རྗེས། ལིས་གློག་ཐོན་ལས་རྣམ་གྲངས་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་350ཟིན་པ་དེས། མིང་རྟགས་བཀོད་པའི་རྣམ་གྲངས་ཀྱི་མ་འཇོག་བསྡོམས་འབོར་གྱི་20%ཙམ་ཟིན་གྱི་ཡོད། ཉི་ནུས་དང་རླུང་ཤུགས་གློག་གཏོང་རྣམ་གྲངས་ལ་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་226.2ཟིན་གྱི་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། མ་འཇོག་གྲངས་འབོར་སྒོར་དུང་ཕྱུར་10ཡན་ཟིན་པའི་རྣམ་གྲངས་ཁྱོན་40ཡི་ནང་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། མདོག་ལྡན་ལྕགས་རིགས། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། རྫས་འགྱུར་བཟོ་ལས་སོགས་ལེགས་ལྡན་ཐོན་ལས་དང་ཞིང་འབྲོག་དང་། ཚོང་དོན་ཟོག་འགྲེམས། རིག་གནས་ཡུལ་སྐོར། དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།