འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་སྒུལ་སྐྱོད་སྲིད་དོན་དབུ་ཚོགས་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 08:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཉེར་བའི“2016ལོའི་སྒུལ་སྐྱོད་སྲིད་དོན་དབུ་ཚོགས”པེ་ཅིང་དུ་འཚོགས་ཤིང་། ད་རེས་དབུ་ཚོགས་ཀྱི་དམིགས་ཡུལ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིང་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དྲ་སྦྲེལ་གྱི་ལས་སྟེགས་དང་། བརྒྱུད་ལམ། ཐབས་ལམ་གསར་པ་ལེགས་པར་སྤྱད་དེ་སྒུལ་སྐྱོད་སྲིད་དོན་འཛུགས་སྐྲུན་ལ་སྐུལ་མ་བཏང་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད།
         ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ཅང་ཅན་གོས་སྒུལ་སྐྱོད་སྲིད་དོན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས་སྲིད་དོན་དང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས་པ་དང་། གསར་འགྱུར་སྨྱན་སྦྱོར་ཚན་པས་སྲིད་ཇུས་གསལ་འགྲེལ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་ཀ་ལེགས་པར་སྒྲུབ་དགོས། སྲིད་གཞུང་སྡེ་ཚན་དང་གསར་འགྱུར་སྨྱན་སྦྱོར་ཚན་པས་མུ་མཐུད་མཉམ་ཤུགས་ཆགས་པར་བྱས་ནས་ཆ་འཕྲིན་དང་། སྲིད་ཇུས། དོན་རྐྱེན་གལ་ཆེན་དག་ཐོག་མར་གཏོང་སྤེལ་མཁན་སྨྱན་སྦྱོར་གཙོ་བོ་དང་དེའི་སྨྱན་སྦྱོར་གསར་པས་ཁྱབ་བསྒྲགས་བྱེད་དགོས། ཡོངས་བསྒྲགས་བྱ་ཆོག་པའི་སྲིད་གཞུང་གི་གྲངས་གཞི་དག་སྔོན་ལ་སྨྱན་སྦྱོར་གཙོ་བོ་དང་དེའི་སྨྱན་སྦྱོར་གསར་པར་འདོན་དུ་བཅུག་ནས། སྒུལ་སྐྱོད་སྲིད་དོན་ལས་སྟེགས་བསྐྲུན་པའི་རྣམ་གྲངས་སྔོན་ལ་སྨྱན་སྦྱོར་གཙོ་བོ་དང་སྦྲེལ་མཐུད་བྱེད་དགོས་པའི་རེ་བ་བཏོན་པ་རེད།
         མི་དམངས་ཉིན་རེའི་ཚགས་པར་ཁང་གི་འགན་འཛིན་དབྱང་ཀྲེན་ཝུའུ་ཡིས་སྒུལ་སྐྱོད་དྲ་སྦྲེལ་གྱི་ཚ་རླབས་ལས་བྱུང་བའི་འགྲན་སློང་དང་གོ་སྐབས་ལ་དམིགས་ནས། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་བསམ་ཕྱོགས་གསར་པ་དང་། ཁ་ལོ་སྒྱུར་ནུས་ལྡན་པའི་གཞི་རྟེན་གསར་པ། བྱ་ཐབས་གསར་པ་བཅས་ལ་བརྟེན་ནས་དྲ་སྦྲེལ་གྱི་ཁྱད་ཆོས་རྒྱུན་སྲོལ་གྱི་སྨྱན་སྦྱོར་ནང་ཁྱབ་པར་བྱས་ཏེ། སྨྱན་སྦྱོར་གྱི་ནང་དོན་དང་། སྤུས་རྟགས། དོ་དམ། ཞབས་ཞུ། གཉེར་སྐྱོང་བཅས་དྲ་སྦྲེལ་ཅན་དུ་འགྱུར་རྒྱུར་སྐུལ་མ་ཧུར་ཐག་གཏོང་དགོས་ཞེས་དང་། ཁོང་གིས་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་སྲིད་གཞུང་དང་། སྨྱན་སྦྱོར། ཁེ་ལས་བཅས་དང་མཉམ་དུ་དྲ་སྦྲེལ་གྱི་ལས་སྟེགས་གསར་པ་འདི་དང་། བརྒྱུད་ལམ་གསར་པ། ཐབས་ལམ་གསར་པ་བཅས་ལེགས་པར་སྤྱད་དེ་ཏང་དང་མང་ཚོགས་དང་། སྲིད་གཞུང་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས། སྲིད་དོན་ཆ་འཕྲིན་ཡོངས་བསྒྲགས་དང་སྤྱི་པའི་ཞབས་ཞུ་གསར་གཏོད་ལ་སྐུལ་མ་་གཏོང་དགོས་ཞེས་བསྟན་པ་རེད།
         སྒུལ་སྐྱོད་སྲིད་དོན་སྔར་བས་འཕེལ་རྒྱས་ཇི་ལྟར་གཏོང་བའི་གནད་དོན་ཐད། ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ལིང་གིས། རིམ་ཁག་དང་རིགས་ཁག་གི་སྒུལ་སྐྱོད་སྲིད་དོན་སྨྱན་སྦྱོར་གསར་པས་སྒུལ་སྐྱོད་སྲིད་དོན་མི་དམངས་དང་འབྲེལ་བ་བྱེད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་གསར་པར་འགྱུར་བར་བྱས་ནས། སྒུལ་སྐྱོད་བརྒྱུད་སྤེལ་ཆོས་ཉིད་ལ་གཞིགས་ཏེ་སྲིད་དོན་ཞབས་ཞུ་སྒྲུབ་ནུས་ཆེ་རུ་དང་ཕན་ཚུན་གཞོགས་འདེགས་ཀྱི་ནུས་པ་ཆེ་རུ་བཏང་ནས་གཅིག་སྡུད་ཀྱི་ནུས་པ་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཞེས་བཤད་པ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཁྲེང་ཀྲའོ་ཞུང་གིས་དྲ་རྒྱའི་རམ་འདེགས་ཀྱི་ནུས་པ་དང་ཉེར་མཁོའི་ཞབས་ཞུ་སྒྲུབ་ནུས་མུ་མཐུད་ཆེ་རུ་བཏང་ནས་ཆ་འཕྲིན་དང་འཕྲིན་གཏོང་ཁེ་ལས་ཀྱིས་དྲ་རྒྱའི་ཞབས་ཞུ་དང་། བེད་སྤྱོད་གསར་གཏོད། སྒུལ་སྐྱོད་ཞབས་ཞུ་བྱེད་ནུས་སྔོག་འདོན་དང་ཁྱབ་གདལ་གཏོང་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱས་ནས་སྒུལ་སྐྱོད་སྲིད་དོན་འཕེལ་རྒྱས་ལ་རམ་འདེགས་བྱེད་ཤུགས་ཆེ་རུ་དང་བདེ་འཇགས་འགན་ལེན་ཐུབ་ནུས་སྔར་བས་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།