འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གྱིས་ལྷོ་རྒྱ་མཚོའི་འདུམ་གཅོད་གྲོས་གཞིའི་མཐའ་
    འབྲས་ལ་རྒྱབ་སྐྱོར་མི་བྱ་རྒྱུ་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཁམ་ཕུ་ཁྲེས་ཧྥི་ལི་ཕིན་ཕྱོགས་རྐྱང་པས་བཏོན་པའི་ལྷོ་རྒྱ་མཚོའི་འདུམ་གཅོད་གྲོས་གཞིའི་མཐའ་འབྲས་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་ལ་འབྲེལ་ཡོད་ཕྱོགས་ལ་ཕྱོགས་གཉིས་པོའི་གྲོས་མོལ་བརྒྱུད་འགལ་བ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཉིན་དེར་ཧུང་སེན་གྱིས་རྒྱལ་ས་ཕ་ནོམ་ཕེན་དུ་སློབ་ཐོན་མཛད་སྒོ་ཞིག་ལ་ཞུགས་སྐབས་ཡོངས་བསྒྲགས་བྱ་གྲབས་ཡོད་པའི་ལྷོ་རྒྱ་མཚོའི་འདུམ་གཅོད་གྲོས་གཞིའི་མཐའ་འབྲས་ནི“ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་ཆེད་བཏོན་པའི་མཐའ་འབྲས”ཤིག་ཡིན་པས་ཁམ་ཕུ་ཁྲེས་མཐའ་འབྲས་དེར་རྒྱབ་སྐྱོར་བྱ་རྒྱུ་མིན་ཞེས་བཤད་པ།
         ཁོང་གིས་ཟླ་གཅིག་གོང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་མི་མིན་པའི་གཞུང་ཚབ་ཆེ་མོ་བ་ཞིག་གིས་ཁམ་ཕུ་ཁྲེ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་གཞན་དག་གིས་ལྷོ་རྒྱ་མཚོའི་འདུམ་གཅོད་གྲོས་གཞིའི་མཐའ་འབྲས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལུགས་འཁྱོག་བཤད་བྱས་ཡོད། ཁམ་ཕུ་ཁྲེར་བཅའ་སྡོད་རྒྱལ་ཁབ་དེའི་གཞུང་ཚབ་ཆེ་མོ་བ་དེས་ཡོངས་བསྒྲགས་བྱ་གྲབས་ཡོད་པའི་འདུམ་གཅོད་གྲོས་གཞིའི་མཐའ་འབྲས་ཀྱི་གནད་དོན་ཐད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་སྐད་ཆའམ་ཡང་ན་གསལ་བསྒྲགས་གཅིག་མཚུངས་སྤེལ་དགོས་ཞེས་བརྗོད་པ་རེད།
         ཧུང་སེན་གྱིས“ཁམ་ཕུ་ཁྲེའི་ལངས་ཕྱོགས་ནི་འདུམ་གཅོད་གྲོས་གཞིའི་མཐའ་འབྲས་ལ་ཁམ་ཕུ་ཁྲེས་རྒྱབ་སྐྱོར་བྱེད་པའི་མཉམ་འབྲེལ་གསལ་བསྒྲགས་གང་ཡང་སྤེལ་མི་སྲིད”ཁམ་ཕུ་ཁྲེས་རང་ཉིད་ཀྱི་གསལ་བསྒྲགས་སྤེལ་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།