འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་བྱང་ཤར་གྱི་མཉམ་ལས་དང་སྐད་ཆ་ཤོད་རེས་བྱེད་པའི་ཚོགས་འདུ་འཚོག་ལ་ཉེ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གིས་ཨ་རིའི་ཅ་ཀྲོའུ་སློབ་ཆེན་གྱི་གོ་ལ་ཧྲིལ་པོའི་འགལ་རྐྱེན་དང་མཉམ་ལས་ཞིབ་འཇུག་ཁང་གིས་ཚེས་22དང་23ཉིན་པེ་ཅིང་དུ་ཐུན་མོང་ཐོག་ཨེ་ཤེ་ཡ་བྱང་ཤར་གྱི་མཉམ་ལས་དང་སྐད་ཆ་ཤོད་རེས་བྱེད་པའི་ཚོགས་འདུ་སྐབས་26པ་དེ་འཚོག་རྒྱུ་རེད།
         ཧྭ་ཁྲུན་ཡིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་སྲིད་གཞུང་གི་ཁྲའོ་ཞན་ལས་དོན་གྱི་དམིགས་བསལ་འཐུས་མི་ཝུའུ་ཏ་ཝུའེ་དང་། ཁྲའོ་ཞན་ཕྱི་ཕྱོགས་ལས་དོན་ལས་ཁུངས་མེ་གླིང་བྱང་མ་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚུའེ་ཧྲན་ཅི། རི་པིན་ཕྱི་ཕྱོགས་ལས་དོན་ལས་ཁུངས་ཨེ་ཤེ་ཡ་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན་ཅུས་ཀྱི་ཅུས་ཀྲང་ཅིན་ཧྲན་ཤན་ཀྲེ། ཧན་གོ་ཕྱི་འབྲེལ་པུའི་ཕྱེད་གླིང་ཞི་བའི་འབྲེལ་གཏུག་པུའི་ཁྲའོ་ཞན་ཉིང་རྡུལ་ཁེ་ལས་ཇུས་བཀོད་ཀྱི་ཚོགས་གཙོ་ཅིན་ཅན། ཨུ་རུ་སུ་ཕྱི་འབྲེལ་པུའི་ཕྱི་འབྲེལ་ལས་དོན་པ་ཟླ་ཝུའེ་ཏོ་ཕུའུ། ཨ་རིའི་རྒྱལ་དོན་ཁང་གི་ཁྲའོ་ཞན་ལ་ཕྱོགས་པའི་སྲིད་ཇུས་ཀྱི་དམིགས་བསལ་འཐུས་མི་ཅིན་ཧྲེང་རུང་སོགས་སྲིད་གཞུང་གི་དཔོན་རིགས་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་90ཙམ་ཚོགས་འདུར་ཞུཌ་ནས་མིག་སྔའི་ཨེ་ཤེ་ཡ་བྱང་ཤར་ས་ཁུལ་གྱི་བདེ་འཇགས་དུས་བབ་དང་། ས་ཁུལ་གྱི་ཕྱོགས་མང་བདེ་འཇགས་དང་སྐད་ཆ་ཤོད་རེས་བྱེད་པའི་སྟེཌ་བུ་སྐྲུན་པ། རྒྱལ་ཁབ་ཆེ་མོའི་འབྲེལ་བ་སོགས་གྲོས་གཞིར་གྲོས་བསྡུར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།