འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས“གནད་སྨིན་དབུལ་སྐྱོར”ལས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་
    ཐོབ་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ཆུ་བོ་གཙང་པོའི་ནང་རྒྱུག་པ་དང་། མི་རི་ལྡེབས་སུ་སྡོད་པ། ས་ཞིང་རི་སྐེད་དུ་འདེབས་པ། ཕྱུགས་རིགས་བྲག་ལྡེབས་སུ་འཚོ་བ”བཅས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་ཞིང་འབྲོག་པའི་ཕ་ཚ་བུ་རྒྱུད་འཚོ་སྡོད་བྱ་ཡུལ་ཞིག་ཡིན། གྲུམ་བུ་ཚིགས་ཆེན་ནད་ཚབས་ཆེན་ཕོག་པའི་དོན་གྲུབ་ཀྱི་ཁྱིམ་ཚང་དུ་ལོ་གཅིག་ལ་ཡོང་འབབ་སྒོར་བཞི་སྟོང་ལྔ་སྟོང་ཙམ་ལས་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ནི་དོན་གྲུབ་ཀྱི་ལོ་མང་རིང་གི་ཕུགས་འདུན་ཡིན།
         བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་གཅིག་པུ་དེ་ཡིན་པས་ས་གཤིས་དང་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བ་ནི་དབུལ་པོར་གྱུར་རྐྱེན་གཙོ་བོ་དེ་ཡིན་པ་རེད། འབྱུང་འགྱུར་ལོ་5ཡི་རིང་དོན་གྲུབ་དང་འདྲ་བའི་མང་ཚོགས་དབུལ་པོ་ཁྲི་59དབུལ་པོའི་རྩ་བ་བཅོས་ཐུབ་པ་དང་དབུལ་པོའི་ཞྭ་མོ་ཕུད་ཐུབ་ནས་འབྱོར་ཕྱུག་གི་འཚོ་བ་སྐྱེལ་ཐུབ་རེ་ཡོད།
         དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་མངོན་འགྱུར་ཡོང་བ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་ད་ཡོད་ཀྱི་ཚད་གཞིའི་འོག་དབུལ་པོ་མི་འབོར་ཁྲི་59ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་སྟེ། གྲོང་གསེབ་ཀྱི་དབུལ་པོ་མི་འབོར་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོའི་དབུལ་པོའི་ཞྭ་མོ་ཕུད་ཐུབ་པ། ས་ཁོངས་རང་བཞིན་གྱི་དབུལ་པོ་སྤྱི་ཡོངས་ཕྱོགས་ཡོངས་ནས་ཐག་གཅོད་ཐུབ་པ། དབུལ་པོ་ཐོན་ཚད་5%མན་ཆད་བར་གཅོག་ཐུབ་པ། མི་འབོར་དབུལ་པོའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་ཆ་སྙོམས་16%ཡན་འཕར་ཐུབ་པ་བཅས་བྱ་རྒྱུ་རེད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ཀྱིས་སྲིད་ཇུས་ཀྱི་དབུལ་སྐྱོར་དང་། ཆེད་དོན་དབུལ་སྐྱོར། ལས་རིགས་ཀྱི་དབུལ་སྐྱོར། སྤྱི་ཚོགས་ཀྱི་དབུལ་སྐྱོར། བོད་སྐྱོར་གྱི་དབུལ་སྐྱོར། ཐོན་ལས་ཀྱི་དབུལ་སྐྱོར་སོགས་དབུལ་སྐྱོར་བྱ་ཐབས་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་རིམ་རྩིས་ལྟར་ན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་91.9བཏང་ཡོད་པ་རེད། དབུལ་སྐྱོར་བྱེད་ཐབས་དང་མ་དངུལ་གཏོང་བའི་ཐད་འགན་ལེན་ནུས་ལྡན་བྱེད་པའི་ཐོག་བོད་ལྗོངས་ཀྱི་མི་ཁྲི་58དབུལ་པོའི་ཚད་ལས་སྒྲོལ་ནས་དབུལ་སྒྲོལ་བརྟན་པོ་བྱུང་ཡོད་མོད། འོན་ཀྱང་བོད་ལྗོངས་ཀྱི་དབུལ་སྐྱོར་ལས་དོན་ཐད་མི་འབོར་དབུལ་པོའི་གཞི་གྲངས་ཆེ་བ་དང་། དབུལ་པོ་གཅིག་སྡུད་ཡུག་འབྲེལ་དུ་གནས་པ། དབུལ་པོ་ཁག་གཅིག་མངོན་གསལ་དོད་པ། དབུལ་པོའི་ཚད་གཞི་གཏིང་ཟབ་པ། དབུལ་པོར་གྱུར་བའི་རྣམ་པ་སྤྱིར་ཁྱབ་པ། བལྟོས་བཅས་ཀྱི་དབུལ་པོ་མངོན་གསལ་དོད་པ་སོགས་ཀྱི་དཀའ་ངལ་དང་གནད་དོན་སྔར་བཞིན་འཕྲད་ཡོད་པས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་དབུལ་སྐྱོར་གསར་སྤེལ་བྱ་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཡོངས་ཀྱི་འགག་སྒྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གནད་སྨིན་དབུལ་སྐྱོར་བྱ་ཐབས་དོན་འཁྱོལ། དབུལ་སྐྱོར་གསར་སྤེལ་གྱི་དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས་ལག་ལེན་སོགས་བྱེད་ཐབས་སྤྱད་དེ་དབུལ་སྐྱོར་གྱི་རྣམ་པ་ཆེན་པོ་ཞིག་གཏོད་ནས་དབུལ་པོའི་མི་འབོར་ཚང་མ་དབུལ་སྒྲོལ་ཐུབ་པ་དང་དབུལ་པོའི་མི་འབོར་ལ་ཟས་གོས་སྡོད་ཐད་སེམས་ཁྲལ་མེད་པ་དང་། ལག་རྩལ་ཡོད་པ་དང་། ལས་ཞུགས་ཡོད་པ། དངུལ་སྤྱོད་རྒྱུ་ཡོད་པ་བཅས། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྤྱི་ཚོགས་འགན་ལེན་བཅས་བྱེད་ཐུབ་པ་བྱ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ཏང་ཙུའི་ཧྲུའུ་ཅི་ཀའུ་ལིན་གྱིས་འདི་ལོ་ནས་བཟུང་བོད་ཀྱི་དབུལ་སྐྱོར་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོའི་བསྡོམས་འབོར་གྱི་74.39%བཟུང་བའི་གཞིས་རྩེ་དང་། ཆབ་མདོ། ནག་ཆུ་བཅས་ཀྱི་མི་འབོར་དབུལ་པོའི་ས་ཁུལ་དེ་དག་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་དུ་བཞག་ནས་རྣམ་གྲངས་དང་། ཐོན་ལས། བདེ་སྡོད། གནས་སྤོ། ལས་ཞུགས། རྩལ་ནུས། བོད་སྐྱོར་བཅས་དང་དེ་བཞིན་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་སོགས་བྱ་ཐབས་བརྒྱུད་མི་འབོར་དབུལ་པོའི་དབུལ་སྒྲོལ་གནད་དོན་ཐག་གཅོད་བྱ་རྩིས་ཡོད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་གནད་སྨིན་དབུལ་སྐྱོར་གྱི་འདུ་ཤེས་གཞིར་བཟུང་ཚན་རིག་དང་མཐུན་པའི་སྒོ་ནས་དབུལ་སྐྱོར་གྱི་ཐབས་ལམ་བཟོ་བ་དང་དབུལ་སྐྱོར་བྱ་ཐབས་རིགས་དབྱེ་བྱས་ནས་སྐུལ་མ་གཏོང་རྒྱུ་རེད། ངལ་རྩོལ་ནུས་ཤུགས་ཡོད་པའི་མི་འབོར་དབུལ་པོར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་གཞན་བསྒྱུར་རོགས་སྐྱོར་བྱེད་པ་དང་། སྣོད་བཅུད་ཧ་ཅང་གལ་ཆེ་བར་སྣོད་བཅུད་སྲུང་སྐྱོང་དབུལ་སྐྱོར་བྱེད་པ། ངལ་རྩོལ་རྩལ་ནུས་མི་འདང་བར་གསོ་སྦྱོང་བྱེད་པ། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བར་སྨན་བཅོས་རོགས་སྐྱོབ་བྱེད་པ། ངལ་ནུས་ཤོར་བར་འགན་ལེན་སྲིད་ཇུས་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་མ་མཐའི་འཚོ་བ་འགན་ལེན་གྱི་སྲིད་ཇུས་དང་དབུལ་སྐྱོར་སྲིད་ཇུས་འབྲེལ་མཐུད་བྱས་ནས་དབུལ་སྐྱོར་བྱེད་དགོས་རིགས་དབུལ་སྐྱོར་བྱེད་པ་དང་འགན་ལེན་བྱེད་དགོས་རིགས་འགན་ལེན་བྱེད་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།