འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཆབ་མདོ་གྲོང་ཁྱེར་དུ་བོད་ལྗོངས་དངུལ་ཁང་གི་ཡན་ལག་དངུལ་ཁང་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཆབ་མདོ་གྲོང་ཁྱེར་དུ་བོད་ལྗོངས་དངུལ་ཁང་གི་ཡན་ལག་དངུལ་ཁང་བཙུགས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཚོང་ལས་དངུལ་ཁང་གཅིག་པུ་སྟེ་བོད་ལྗོངས་དངུལ་ཁང་གིས་ཆབ་མདོ་གྲོང་ཁྱེར་དུ་ཡན་ལག་དངུལ་ཁང་བཙུགས་ཏེ་ཕྱི་ཕྱོགས་སུ་ལས་གཉེར་ཚོད་ལྟ་བྱེད་འགོ་བརྩམས་པ་དང་། ཟླ་4ཚེས་12ཉིན་ནས་བཟུང་དངོས་སུ་ལས་གཉེར་བྱ་རྒྱུ་རེད། ཚོད་ལྟའི་ལས་གཉེར་བྱས་རྗེས་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་ཏེ་རྒྱ་ཆེའི་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་རྒྱུ་དང་། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ཞབས་འདེགས་ཞུ་རྒྱུ་རེད།
         མི་སྒེར་གྱི་ལས་སྒོའི་ཐད་ནས་དངུལ་སྒོར་ལྷག་གྲངས་མེད་པའི་དངུལ་ཁང་གཱ་སྤྲོད་རྒྱུ་དང་། དངུལ་ཁང་ཁཱ་སྤྲོད་པར་མ་གནས་གྲོན་དངུལ་མི་ལེན་པ། དངུལ་བཅོལ་ཁཱ་ཡི་ལོ་གླ་མི་ལེན་པ་བཅས་བྱེད་རྒྱུ་དང་། རྒྱལ་ཡོངས་ཁྱབ་ཁོངས་སུ་དངུལ་ཁང་མཉམ་འབྲེལ་གྱི་རང་འགུལ་དངུལ་ལེན་འཕྲུལ་ཆས་(ATM、CRS)ནས་དངུལ་སྒོར་ལེན་པ་དང་། དངུལ་ཁང་ལས་བརྒལ་ནས་དངུལ་ཁོངས་སྒྱུར་བར་འགྲོ་ལུགས་འགྲིམ་དངུལ་མི་ལེན་པ། ལག་ཁྱེར་ཁ་པར་དངུལ་ཁང་གྱི་འགྲོ་ལུགས་འགྲིམ་དངུལ་མི་ལེན་པ། དངུལ་བཅོལ་བར་མི་དམངས་དངུལ་ཁང་གི་གཞི་རྩའི་སྐྱེད་ཀའི་ཚད་མཐོ་ཤོས་ཡར་40%འཕར་ཆོག་པའི་གཟིགས་སྐྱོང་སྐྱེད་ཀའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རེད།
         མི་སྒེར་དང་གཞུང་ལ་དངུལ་བུན་གཏོང་བའི་ཐད་སྟབས་བདེ་ལ་ཕན་འབྲས་ཆེ་བ་བྱེད་རྒྱུ་དང་། དངུལ་བུན་གཏོང་བའི་ཆ་རྐྱེན་སོགས་སྔར་ལས་ཉུང་དུ་གཏོང་རྒྱུ་དང་། དངུལ་བུན་གཏོང་རྒྱུར་ཞིབ་བཤེར་བྱ་རིམ་སྔར་ལས་ལེགས་འགྱུར་བྱེད་རྒྱུ་ཡིན་ལ། དབུལ་བུན་སྐྱེད་ཀའི་ཐད་སྲིད་ཇུས་ནས་ལག་བསྟར་བྱས་འཐུས་པའི་གཟིགས་སྐྱོང་ཆེ་ཤོས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།
         བོད་ལྗོངས་དངུལ་ཁང་ནི་(汉文:西藏银行,威利:bod ljongs dngul khang,英语:Bank of Tibet)མིག་སྔར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བོད་རང་སྐྱོང་ལྗོངས་སུ་ཡོད་པའི་མ་རྐང་ལམ་ལུགས་ཀྱི་ཚོང་ལས་དངུལ་ཁང་གཅིག་པུ་ཡིན་ཞིང་། 2011ལོའི་ཟླ་12ཚེས་17ཉིན་བོད་ལྗོངས་དངུལ་ཁང་ལ་དངུལ་རྩའི་འཁྲོལ་འཛིན་དང་ཁེ་ལས་ཀྱི་ཁྲིམས་མིའི་ལས་གཉེར་ལག་ཁྱེར་ཐོབ་ནས་བོད་ལྗོངས་ཀྱི་ས་གནས་ཁྲིམས་མིའི་དངུལ་ཁང་དང་པོར་གྱུར། 2012ལོའི་ཟླ་5ཚེས་22ཉིན་བོད་ལྗོངས་དངུལ་ཁང་གིས་ལྷ་སར་ལས་གཉེར་དངོས་སུ་བྱེད་འགོ་ཚུགས་པ་དང་། རྐང་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་15བསྡུ་རུབ་བྱས་པ་རེད།
    ༄༅།།ཆབ་མདོ་གྲོང་ཁྱེར་དུ་བོད་ལྗོངས་དངུལ་ཁང་གི་ཡན་ལག་དངུལ་ཁང་བཙུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།