འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བརྟེན་ནས་ཀྲུང་གོ་དང་ཅེ་ཁེའི་དངུལ་རྩའི་མཉམ་
    ལས་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བརྟེན་ནས་ཀྲུང་གོ་དང་ཅེ་ཁེའི་དངུལ་རྩའི་མཉམ་
ལས་ལ་སྐུལ་འདེད་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཚེས་29ཉིན་ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཅེ་ཁེ་ཀྲུང་དབྱང་དངུལ་ཁང་གིས་ཕུ་རག་ཏུ“རྒྱུད་གཅིག་ལམ་གཅིག”གི་དངུལ་རྩའི་མཉམ་ལས་གླེང་སྟེགས་ཀྱི་བྱེད་སྒོ་སྤེལ་ནས་ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཀྲུང་གོ་དང་ཅེ་ཁེའི་དངུལ་རྩའི་མཉམ་ལས་ལ་སྐུལ་མ་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
         ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲང་ཕུའུ་ལིན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་བསྟར་བྱས་པ་དེས་ཀྲུང་གོ་དང་ཅེ་ཁེ་རྒྱལ་ཁབ་གཉིས་ཀྱི་དངུལ་རྩའི་མཉམ་ལས་ལ་དེ་བས་ཡངས་པའི་བར་མཐོངས་དང་ལས་སྟེགས་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅེ་ཁེ་སོགས“རྒྱུད་གཅིག་ལམ་གཅིག”ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིས་ཀྲུང་གོར་ཡན་ལག་སྒྲིག་གཞི་འཛུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་འབྲེལ་ཅེ་ཁེ་ཀྲུང་དབྱང་དངུལ་ཁང་སོགས་འབྲེལ་ཡོད་རྒྱལ་ཁབ་ལྟ་སྐུལ་དོ་དམ་དབང་འཛིན་ལས་ཁུངས་ཀྱིས་རྒྱལ་མཚམས་སྒྲོལ་ནས་ལྟ་སྐུལ་དོ་དམ་གྱི་མཉམ་ལས་དང་ཆ་འཕྲིན་སྤེལ་རེས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
         ཧྲང་ཕུའུ་ལིན་གྱིས་ད་དུང་ཅེ་ཁེ་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཀྲུང་གོ་དངུལ་ཁང་ཕུ་རག་ཡན་ལག་དངུལ་ཁང་2015ལོའི་ཟླ་བ་བརྒྱད་པར་དངོས་སུ་བཙུགས་ཡོད། ཀྲུང་གོའི་དངུལ་རྩའི་སྒྲིག་གཞི་ཅེ་ཁེ་རུ་གྲུབ་འབྲས་ཐོབ་པའི་སྒོ་ནས་བཙུགས་པ་དེས་ཀྲུང་གོ་དང་ཅེ་ཁེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་དེ་བས་སྟབས་བདེ་བའི་དངུལ་རྩའི་ལས་སྟེགས་བཙུཌ་ཡོད་ཅེས་གསུངས་པ་རེད།
         ཅེ་ཁེ་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་སྨི་ལུའོ་སི་ལ་ཕུའུ་·ཤིན་ཀེས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཀྲུང་གོ་དང་ཅེ་ཁེའི་དབར་གཉིས་ཕན་མཉམ་ལས་སྤེལ་རྒྱུར་ཆ་རྐྱེན་གཏོད་རྒྱུ་དང་ཅེ་ཁེ་ཀྲུང་དབྱང་དངུལ་ཁང་གིས་ཀྲུང་གོའི་དངུལ་ཁང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་མཉམ་དུ་དངུལ་རྩའི་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།