འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འདི་ཉིད་ལོ་གཉིས་བསྟུད་མར་ཏི་པའེ་ཡི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏི་པའེ་གཞུང་ཕྱོགས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། 2015ལོར་ཀྲུང་གོ་འདི་ཉིད་ལོ་གཉིས་བསྟུད་མར་ཏི་པའེ་ཡི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད།
         ཏི་པའེ་ཡི་རྒྱལ་སྲས་ཧ་མུའུ་ཏན་གྱིས་མིང་རྟགས་བཀོད་པའི་སྤྱི་བསྒྲགས་ལ་གཞིགས་ན། ན་ནིང་ཀྲུང་གོ་དང་ཏི་པའེ་ཡི་ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་འབོར་ཏི་ལ་མུའུ་དུང་ཕྱུར་1760(ཨ་སྒོར་གཅིག་ལ་ཏི་ལ་མུའུ་3.65ཙམ་ཡིན་པ་)ཟིན་པ་དེ་2014ལོའི་ཏི་ལ་མུའུ་དུང་ཕྱུར་1750ལས་ཕྲན་བུ་འཕར་ཡོད། རྒྱ་གར་དང་ཨ་རི་ནི་ན་ནིང་ཏི་པའེ་ཡི་ཚོང་དོན་རོགས་ཟླ་ཨང་གཉིས་པ་དང་གསུམ་པ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།