འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཅེ་ཁེའི་མ་ཡུམ་གཙང་པོ་པེ་ཅིང་གི་དུར་རྫས་རྫ་བཟོས་གྱད་རྟའི་ཚོན་ཁྲའི་གློག་བཞུས་བརྒྱན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་29ཉིན་གྱི་མཚན་མོ་པེ་ཅིང་གྲོང་ཁྱེར་སྲིད་གཞུང་དང་ཅེ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱིས་ཕུ་རག་ཏུ“ངོ་མཚར་ཆེ་བའི་དུར་རྫས་རྫ་བཟོས་གྱད་རྟ”ཞེས་པའི་པེ་ཅིང་ཚོན་ཁྲའི་གློག་བཞུའི་སྒྱུ་རྩལ་འགྲེམས་སྟོན་མཉམ་དུ་གཉེར་བ་རེད།
         ད་ཐེངས་ཀྱི་ཚོན་ཁྲའི་གློག་བཞུའི་སྒྱུ་རྩལ་འགྲེམས་སྟོན་དེ་གཙང་པོའི་ཐོག་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན། དུར་རྫས་རྫ་བཟོས་གྱད་རྟའི་བཟོ་དབྱིབས་ཀྱི་ཚོན་ཁྲའི་གློག་བཞུ་60ཕུའུ་ཨར་ཐ་ཝ་གཙང་པོའི་གྲུ་གཟིངས་གཉིས་ཐོག་བཀལ་ནས་སྐོར་སྐྱོད་འགྲེམས་སྟོན་བྱས་ཡོད།
         འགྲེམས་སྟོན་དེ་པེ་ཅིང་གྲོང་ཁྱེར་གྱི་གསར་གཏོད་འགྲེམས་སྟོན་རྣམ་གྲངས་ཤིག་ཡིན་ཞིང་། དུར་རྫས་རྫ་བཟོས་གྱད་རྟ་དེ་རིག་གནས་གཞི་རྒྱུར་བྱས་ཏེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་པེ་ཅིང་ཚོན་ཁྲའི་གློག་བཞུ་བཟོ་རྩལ་གྱི་ཚོན་མདོག་རྣམ་པར་བཀྲ་བའི་གློག་བཞུ་སྒྲིག་སྦྱོར་བྱས་ཏེ་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་དམ་ཟབ་བྱས་ཡོད། འགྲེམས་སྟོན་དེ་དབྱིན་ཇི་དང་། ཧྥིན་ལན། ཁ་རེ་ཤེ་ཡ། ཨེ་སོ་ནི་ཡ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་མང་པོར་སྐོར་སྐྱོད་འགྲེམས་སྟོན་བྱས་པས་ཕྱི་རྒྱལ་གྱི་ལྟད་མོ་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
         ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་དེང་རབས་སུ་སྦྲེལ་མཐུད་དང་མཉམ་འདྲེས་བྱས་ནས་མཐུན་ཆ་མང་པོ་ཐོན་ཡོད། ཕུའུ་ཨར་ཐ་ཝ་གཙང་པོའི་ཐོག་ཀྲུང་ཅེ་རྒྱལ་ཁབ་གཉིས་དབར་ཤེས་དཔལ་སྤེལ་རེས་དང་མཛའ་གྲོགས་འགྲོ་འོང་བྱེད་རེས་བྱེད་པའི“མཉམ་དཀྲོལ་རོལ་དབྱངས”དཀྲོལ་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།