འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ལ་ཨ་སྒོར་དུང་ཕྱུར་15.6ཟིན་པའི་བྷང་ག་ལའི་རྡོ་སོལ་གློག་ཁང་འཛུགས་
    སྐྲུན་གྱི་གན་རྒྱ་རག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བྷང་ག་ལའི་བྷང་ཀྲུང་གློག་ཤུགས་ཚད་ཡོད་ཀུང་སི་དང་ཀྲུང་གོའི་ཁེ་ལས་མཉམ་འབྲེལ་སྒྲིག་གཞིས་ཚེས་29ཉིན་བྷང་ག་ལའི་རྒྱལ་ས་ཏ་ཁར་ཀྲའོ་ཝ་1320ཟིན་པའི་རྡོ་སོལ་གློག་ཁང་འཛུགས་སྐྲུན་གྱི་གན་རྒྱ་བཞག་པ་དང་གན་རྒྱའི་དངུལ་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་15.6ཟིན་གྱི་ཡོད་པ་རེད།
         རྡོ་སོལ་གློག་ཁང་གི་རྣམ་གྲངས་དེ་བྷང་ག་ལའི་ལྷོ་རྒྱུད་ཀྱི་པུའུ་ཏུའུ་ཨ་ཁ་ལི་རྫོང་དུ་གནས་ཡོད་པ་དང་2019ལོའི་ཟླ་12པར་སྤྱོད་འགོ་འཛུགས་རྩིས་ཡོད་པ་རེད།
         བྷང་ག་ལས་རྡོ་སོལ་གློག་ཁང་དེ་བས་མང་བ་བསྐྲུན་ནས་2030ལོར་སླེབས་སྐབས་གློག་གཏོང་ནུས་པ་ཀྲའོ་ཝ་ཁྲི་2ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུ་དང་། གློག་ཁང་གསར་པའི་རྣམ་གྲངས་ནི་བྷང་ག་ལའི་ནུས་རྒྱུ་འཕེལ་རྒྱས་འཆར་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད།
         བྷང་ག་ལའི་ནོར་སྲིད་པུའུ་ཀྲང་མུའུ་ཤིས་ཐེ་དང་བྷང་ག་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་མ་མིང་ཆང་སོགས་མིང་རྟགས་འགོད་པའི་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།