འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་ཡུལ་སྐོར་དུ་ཕྱིན་ན་རང་རྒྱལ་གྱི་ཁ་ལོ་བའི་
    ལག་ཁྱེར་འཁྱེར་ནས་ཐད་ཀར་རླངས་འཁོར་གཏོང་ཆོག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་18ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཁ་ལོ་བའི་ཡིག་རྒྱུགས་སྒྱུར་བཅོས་བྱས་པའི་སྲིད་ཇུས་གསར་པ་དོན་འཁྱོལ་ཐུབ་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ཆ་ནས་2015ལོའི་ཟླ་12ཚེས་14ཉིན་སྤྱི་བདེ་པུས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་དབར་《ཁ་ལོ་བའི་ལག་ཁྱེར་བརྗེ་ལེན་ཕན་ཚུན་ཁས་ལེན་བྱ་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོ་》ཞེས་པར་མིང་རྟགས་བཀོད་ནས་རྒྱལ་ཁབ་གཉིས་ཀྱི་ཁ་ལོ་བའི་ལག་ཁྱེར་བརྗེ་ལེན་ཕན་ཚུན་ཁས་ལེན་བྱ་རྒྱུ་ཁ་གསལ་བཟོས་པས་ཕྱོགས་གཉིས་པོའི་སྤྱི་དམངས་ཀྱིས་ཕར་ཕྱོགས་ཀྱི་རྒྱལ་ཁབ་ཏུ་རླངས་འཁོར་བཏང་སྟེ་འགྲོ་སྐྱོད་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད། 2016ལོའི་ཟླ་3ཚེས་14ཉིན་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཁ་ལོ་བའི་ལག་ཁྱེར་བརྗེ་ལེན་ཕན་ཚུན་ཁས་ལེན་བྱ་རྒྱུའི་བསམ་ཤེས་བརྗེད་ཐོ་དངོས་སུ་གོ་ཆོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།