འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་རུང་པ་ཤིན་ནཱས་རྒྱལ་ཁབ་ནི་མི་རིགས་ལྔ་བཅུ་ང་དྲུག་ལ་ངོས་འཛིན་གཅིག་མཐུན་
    བྱུང་ཤོས་དེ་ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་18ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་12ཉིན་ཨུ་ཡོན་རུང་པ་ཤིན་ནཱ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཚོགས་ཆེན་གྱི་གཏམ་བཤད་གནང་སྐབས། རྒྱལ་ཁབ་ལ་ངོས་འཛིན་གཅིག་མཐུན་ཡོང་བ་བྱ་རྒྱུ་ནི་མཛེས་སྡུག་ལྡན་པའི་འཚོ་བ་མཐའ་དག་གི་རྨང་གཞི་ཡིན་ཞིང་། དེ་ཚང་མའི་བསམ་པའི་དོན་གཉེར་ཞིག་ཡིན་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད།
         ཕུའུ་སྨི་རིགས་ཀྱི་ཨུ་ཡོན་ཁོང་གིས། ང་ནི་ཡུན་ནན་རྒྱ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཀྲོའུ་ནས་ཡོང་བ་ཞིག་ཡིན། ལི་སུའུ་རིགས་དང་། ཏུའུ་ལུང་རིགས། ནུའུ་རིགས། ཕུའུ་སྨི་རིགས་སོགས་མི་རིགས་20ལྷག་ཙམ་ཆགས་པའི་ཀྲོའུ་དེ་ནི་རྒྱལ་ཡོངས་ཀྱི་མི་རིགས་མང་ཤོས་ཀྱི་རང་སྐྱོང་ཀྲོའུ་ཞིག་ཡིན་ལ་མི་འབོར་ཉུང་ཞིང་མི་རིགས་གཅིག་འདུས་ཆེ་བའི་ཀྲོའུ་ཞིག་ཀྱང་ཡིན། མི་རིགས་མང་པོ་དང་ཆོས་ལུགས་མང་པོ་ཞི་མཐུན་ངང་མཉམ་དུ་གནས་པ་དང་། མི་རིགས་ཁག་དབར་གཉེན་སྒྲིག་པ། མི་རིགས་གཅིག་པ་དང་སྐད་ཆ་གཅིག་པ་མིན་རུང་ཚང་མར་ཐུན་མོང་གི་ཡིད་ཆེས་བསམ་པ་གཅིག་ཡོད་པ་ནི་མེས་རྒྱལ་ལ་དགའ་ཞེན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བློ་ཁ་ཕྱོགས་པ་དེ་ཡིན་ཞེས་གསུངས་པ་རེད།
         ཨུ་ཡོན་རུང་པ་ཤིན་ནཱ་ཡིས། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ལ་དམིགས་བསལ་གྱི་ལྟ་རྟོག་གནང་ལ་གཟིགས་སྐྱོང་སྲིད་ཇུས་མང་པོ་ཞིག་ཀྱང་ལག་ལེན་བསྟར་ཡོད། 2014ལོར་ཀའོ་ལི་ཀུང་རི་བོའི་ཕུགས་ལམ་ཁྱོན་ཡོངས་ནས་ཏལ་འབིགས་ཐུབ་རྗེས་དེ་སྔོན་ཉིན་བདུན་སྐྱོད་དགོས་པ་ད་ཆ་ཆུ་ཚོད་གཉིས་ནང་སླེབས་ཀྱི་ཡོད། ཉེ་བའི་ལོ་ལྔའི་རིང་རྒྱལ་ཁབ་ཀྱིས་ཏུའུ་ལུང་ཅང་ཤང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རོགས་སྐྱོར་བྱེད་ཐབས་སྤྱད་པ་དང་ཁྱོན་དངུལ་སྒོར་དུང་ཕྱུར་13བཏང་ཡོད་ཅེས་གསུངས་པ་རེད།
         ཁོང་གིས། མི་རིགས་ཆེ་ཆུང་མེད་པར་ཚང་མ་འདྲ་མཉམ་ཡིན། ཕྱོགས་ཡོངས་འབྱོར་འབྲིང་ཡོང་བ་བྱེད་རིང་མི་རིགས་གཅིག་མི་ཚང་ནའང་འགྲིག་ཐབས་མེད། ཕ་ཡུལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཐོང་སྐབས། གལ་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མེད་ན། ཕ་ཡུལ་ལ་ད་ལྟ་ལྟ་བུའི་འགྱུར་ལྡོག་ཡོང་མི་སྲིད་པ་དང་གྲངས་ཉུང་མི་རིགས་ལ་ད་ལྟ་ལྟ་བུའི་འགྱུར་ལྡོག་ཡོང་མི་སྲིད་པའི་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།